༄༅། །དཔལ་ལྡན་ཚོགས་གཙོ་མཆོག་གི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོགཚོགས་ཞུགས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་ལྷན་རྒྱས་དང་།དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་གིས་དབུས་སྤྱི་འཐུས་རྣམ་པ།ཚང་མ་སྐུ་གཟུགས་བདེ་ཐང་གི་ཐོག་ནས་ཚོགས་ཕེབས་གནང་ཐུབ་པ་དེ་ལ་ཚོགས་གཙོ་སྦྲེལ་པོའི་ངོས་ནས་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།དེ་རིང་གི་གྲོས་ཚོགས་ཚོགས་དུས་འདིའི་དུས་ཚོད་མང་པོ་ཞིག་འཛིན་སྐྱོང་བཀའ་ཤག་གིས་འདས་པའི་ལོ་གཅིག་ནང་ལ་ལས་དོན་གང་གནང་བཞག་པ་དེའི་ལས་བསྡོམས་ཀྱི་ཐོག་ལ་བགྲོ་གླེང་ཞུ་རྒྱུ་གཙོ་བོ་ཆགས་ཀྱི་ཡོད་པ་རེད།དེའི་ཐོག་ལ་༢༠༠༨ནས་བཟུང་བོད་ནང་ལ་ཛ་དྲག་གི་གནས་སྟངས་ཆགས་པ་ནས་བཟུང་ད་ལྟ་བར་དུ་ལོ་དྲུག་ཙམ་གྱི་རིང་གྲོས་ཚོགས་ག་དུས་ནས་འགོ་བཙུགས་པ་ཡིན་ནའང་བོད་ནང་གི་རྒྱ་གཅེས་དཔའ་བོ་དཔའ་མོ་ཚོའི་རང་སྲོག་ཡན་ཆོད་བློས་གཏོང་གནང་བ་དེ་དག་ལ་ང་ཚོས་རྗེས་དྲན་གྱི་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་འཁྱེར་དགོས་ཐུག་གི་ཡོད།དེ་ག་རང་གིས་བོད་ཀྱི་དཀའ་རྙོག་དང་། བོད་ནང་ལ་བོད་མི་ཚོས་སྡུག་སྦྱོང་གང་འདྲ་ཞིག་མྱོང་དགོས་ཀྱི་ཡོད་པ།བོད་དོན་དཀའ་རྙོག་དེ་ད་ལྟ་བར་དུ་མ་སེལ་བར་ལྷག་བསྡད་པའི་གནས་སྟངས་དེ་ཛ་དྲག་པོ་དང་གཞི་ལྕི་པོ་གང་འདྲ་ཞིག་ཆགས་ཡོད་མེད་གྲོས་ཚོགས་ཀྱི་ལས་རིམ་རང་ནས་མཚོན་ཐུབ་པའི་གནས་སྟངས་རེད།ད་ལྟའི་དུས་ཚོད་འདི་ལ་འཛམ་གླིང་ནང་ལ་ཆབ་སྲིད་ཀྱི་ཐོག་ནས་རེད།དཔལ་འབྱོར་གྱི་ཐོག་ནས་རེད།རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་བའི་ཐོག་ནས་རེད།སྟོབས་ཤུགས་ངོམས་རེས་རེད།speaker8 གང་ཅིའི་ཐོག་ནས་འཁྲུག་ཆ་དོད་པོ་ཞིག་ཆགས་བསྡད་ཡོད་པ་རེད།འཛམ་བུ་གླིང་ཁྱོན་ཡོངས་ནས་ཕལ་ཆེར་དམག་ཆེན་གཉིས་པ་དང་དྲག་དམག་གི་རྗེས་ལ་གནད་དོན་ཛ་དྲག་ཤོས་འདྲ་བོ་ཞིག་ད་ལྟ་ཆགས་བསྡད་པའི་བཟོ་འདྲ་བོ་ཞིགལྷག་པར་དུ་ཤར་ཡུ་རོབ་དང་དེ་དང་འབྲེལ་བའི་གནས་ཚུལ་གྱི་ཐོག་ནས་ཨ་རིས་གཙོས་པའི་ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་དེ་ཚོའི་མནའ་འབྲེལ་དེ་ཡང་བར་ལམ་ཞིག་ལ་གཉིད་ཉལ་བསྡད་པའི་བཟོ་འདྲ་བོ་དེ་ཚོ་གཉིད་སད་དེ་ཨུ་རུ་སུ་ཡིས་བྱེད་བབས་ལ་བརྟེན་ནས་ཛ་དྲག་པོ་ཞིག་ཉེ་ལམ་ཆགས་བསྡད་ཡོད།

དེ་བཞིན་དུ་དབུས་ཤར་ཨེ་ཤི་ཡ་ལ་དམག་འཁྲུག་གི་གནས་སྟངས་རེད།ཨེ་ཤི་ཡ་ནང་ཁུལ་ཡིན་ནའང་རྒྱལ་ཁབ་ཕན་ཚུན་གྱི་ནུས་སྟོབས་ངོམས་རྒྱུ་དང་ཕན་ཚུན་གྱི་མནའ་འབྲེལ་སྒྲིག་རྒྱུའི་ལོ་རྒྱུས་གསར་པ་ཞིག་དེང་སྐབས་བྱུང་དང་འབྱུང་བཞིན་པ་དང་འགྲོ་དང་འགྲོ་བཞིན་པའི་གནས་སྟངས་དེ་ང་རང་ཚོ་ཚང་མས་མཁྱེན་མཁྱེན་པ་རེད།གནས་སྟངས་དེ་འདྲ་མང་པོ་ཞིག་གི་འོག་ནས་བོད་པའི་གནད་དོན་ལ་དོ་སྣང་དེ་ཙམ་ཞིག་སླེབས་མ་ཐུབ་པའི་རྒྱུ་ཞིག་ཆགས་ཀྱི་ཡོད་པ་རེད།གང་ཡིན་ཟེར་ན་འཛམ་གླིང་གི་འགོ་ཁྲིད་ཚོ་ཡིན་ནའང་རེད།གསར་འགྱུར་གྱི་བརྒྱུད་ལམ་ཁག་ཡིན་ནའང་རེད།ཚང་མས་ཛ་དྲག་ཡིན་པའི་སྒོ་ནས་གནས་སྟངས་དེ་ཚོ་ལ་དོ་སྣང་མང་པོ་བྱས།བོད་ལྟ་བུའི་དཀའ་ངལ་ཤུགས་ཆེན་པོ་ཡོད་བསྡད་པ་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་འགྲོ་བསྡད་ཡོད་པ།འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་དཀའ་སེལ་ཡོང་རྒྱུའི་རེ་བ་བརྒྱབས་བསྡད་པའི་གནས་སྟངས་དེ་ཚོ་ལ་དོ་སྣང་ཆུང་ཆུང་འདྲ་བོ་ཆགས་བསྡད་ཡོད་པ་རེད།དེ་ཚོ་བློ་ཕམ་གྱི་རྒྱུ་ཞིག་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག  དེ་རིང་གྲོས་ཚོགས་ཚོགས་དུས་འདིའི་རིང་ལ་ང་ཚོ་གྲོས་ཚོགས་འཚོགས་བཞིན་པ་དང་དུས་མཉམ་དུ་ང་ཚོ་གནས་ཡུལ་རྒྱ་གར་ནང་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་མཆོག་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་ཀྱི་ཐེངས་དང་པོར་རྒྱ་གར་ལ་ཕེབས་ཀྱི་ཡོད་པ་རེད།ང་རང་ཚོ་བོད་པའི་དཀའ་རྙོག་དང་འབྲེལ་བའི་གནད་དོན་གླེང་རྒྱུ་རེད།དེ་བཞིན་དུ་དོ་སྣང་ཡོང་རྒྱུར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཏན་ཏན་ལས་འཆར་བང་སྒྲིག་གནང་ཡོད་རྒྱུ་རེད་བསམ་གྱི་ཡོད།དེ་ལྟར་བང་སྒྲིག་གནང་དགོས་ཀྱི་རེད། ཆབ་སྲིད་ཀྱི་འགན་དབང་ཡོད་པ་དེར་བརྟེན།དེ་བཞིན་དུ་ལས་དོན་བང་བསྒྲིགས་པ་ནང་བཞིན་གྱི་ཕྱག་བསྟར་ཡོང་གི་རེད་བསམ་གྱི་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེང་ད་ཐེངས་རྒྱ་གར་དུ་ཕེབས་པའི་སྐབས།གཙོ་བོ་རྒྱ་ནག་ནང་ཡིན་ཡང་འགྱུར་བ་མང་པོ་ཞིག་འགྲོ་བཞིན་པ་རེད།བཟང་ཕྱོགས་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་མཁན་ཡོད་པ་རེད་ལ་ངན་ཕྱོགས་ཀྱི་ཐོག་ནས་ཀྱང་འགྲེལ་བཤད་རྒྱག་མཁན་ཡོད་པ་རེད།དེ་གང་ཡིན་ལ་མ་ལྟོས་པར་ང་རང་ཚོ་བོད་པ་ཚོའི་ལས་འགན་གཙོ་བོ་དེ་ད་ལྟ་བོད་ནང་ལ་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པའི་ཛ་དྲག་གི་གནས་སྟངས་དང་།མཐར་ཐུག་གི་བོད་དོན་བདེན་མཐའ་གསལ་རྒྱུ་དེ་གཉིས་གཙོ་བོ་ཆགས་བསྡད་ཀྱི་ཡོད་པ་རེད།དེར་བརྟེན་འཛམ་གླིང་ནང་དུ་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེང་ལ་རེ་བ་རྒྱག་མཁན་ཡང་མང་པོ་ཡོད་པས། ང་ཚོའི་ངོས་ནས་ཀྱང་ཞི་ཅིང་ཕེང་ལ་བཟང་ཕྱོགས་ཀྱི་ཐོག་ནས་བལྟས་ཏེ་བོད་དོན་གྱི་ཐོག་ལ་རེ་བ་བཟང་ཕྱོགས་ཀྱིས་རྒྱག་རྒྱུ་དང་།ད་ཐེངས་འདིར་རྒྱ་གར་དུ་སླེབས་པའི་སྐབས་སུ་ཡང་རྒྱ་ནག་སྲིད་འཛིན་མཆོག་ལ་ཞུ་དོན་གཙོ་བོ་དེ་གཞན་ལ་རེ་བ་རྒྱག་གི་ཡོད་པ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེང་དབུས་པའི་རྒྱ་ནག་གི་དབུ་ཁྲིད་རྣམས་ཀྱིས་བོད་དོན་གྱི་ཐོག་ལ་དོ་སྣང་ཤུགས་ཆེ་རུ་གནང་དགོས་པ་དེ་གལ་ཆེན་པོ་རེད་འདུག  ལྷག་པར་དུ་སྲིད་འཛིན་རང་ཉིད་ཀྱིས་འགན་འཁུར་བའི་ཐོག་ནས་བོད་ནང་གི་གནས་སྟངས་ཞིབ་འཇུག་བྱེད་རྒྱུ་དང་མཐར་ཐུག་གི་བོད་མིའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་གཉིས་ཕན་གྱི་ཐོག་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུའི་རེ་བ་དེ་ཞུ་གི་ཡོད་ཅེས་དེ་རིང་གི་གྲོས་ཚོགས་ཀྱི་སྡིངས་ཆ་དེ་བརྒྱུད་ནས་ཞུ་རྒྱུའི་འདོད་པ་བྱུང་།

དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པ་གཞིར་བཟུང་རྒྱ་ནག་ཁྱོན་ཡོངས་ཀྱི་གྲངས་ཉུང་མི་རིགས་ལ་བདག་པོ་རྒྱག་དགོས་པ་དང་དེ་ཚོའི་བདེ་སྡུག་ལ་བལྟ་དགོས་པ།དཀའ་ངལ་སེལ་དགོས་པ།བདག་སྐྱོང་བྱེད་དགོས་པ་དེ་དག་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་གྲོས་ཚོགས་འདི་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་མཆོག་ལ་ཞུ་རྒྱུའི་འདོད་པ་བྱུང་སོང་།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་མཆོག་ལ་སྙན་ཞུ་ཕུལ་ཡོད་པ་རེད།སྙན་ཞུ་ཕུལ་བ་དེའི་ནང་དོན་གཙོ་བོ་དེ་རྒྱ་ནག་གཞུང་གིས་བོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་འོག་ནས་ལྷ་ཡུལ་ལྟ་བུར་གྱུར་ཡོད་ཅེས་བཤད་བསྡད་པ་བཞིན་ཡོད་དམ་མེད་ཅེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་བོད་ནང་ཡོང་ཆོག་པའི་འབོད་སྐུལ་ཞུས་ཡོད་ཀྱང་ད་བར་བཟང་ངན་གྱི་ལན་འདེབས་གང་ཡང་བྱུང་མེད།དེ་ང་ཚོའི་ངོས་ནས་མཚོན་དོན་ཙམ་མིན་པར་དོན་དངོས་སུ་བོད་པའི་དཀའ་རྙོག་སེལ་རྒྱུར་རྒྱལ་སྤྱིའི་མི་སྣ་བོད་ནང་ཡོང་འཇུག་གི་མེད་ཀྱང་ང་ཚོ་བོད་པ་རང་བོད་ནང་རྟོག་ཞིབ་བྱེད་པར་ཡོང་འཇུག་དགོས་ཀྱི་འདུག་ཅེས་ལྷག་བསམ་རྣམ་དག་གི་ཐོག་ནས་ཞུས་པ་རེད་མོད། ད་བར་ཡ་ལན་གང་ཡང་བྱུང་མེད།

དེ་རིང་སྡིངས་ཆ་དེའི་ཐོག་ནས་ཞུ་རྒྱུ་ཞིག་ལ་རྒྱ་གར་གཞུང་ལ་ང་ཚོ་ཡིད་ཆེས་བརྟན་པོ་ཡོད།བློས་ཆ་ཚང་བ་ཞིག་འགེལ་གྱི་ཡོད།བོད་མིའི་དཀའ་རྙོག་དང་འབྲེལ་བའི་ཐོག་རྒྱ་གར་གཞུང་གིས་ད་བར་བོད་པ་ཚོར་རོགས་རམ་དང་མཐུན་འགྱུར་ཆ་ཚང་བ་ཞིག་གནང་ཡོད་པ་རེད།མ་འོངས་པར་ཡང་དེ་ལས་ལྷག་པ་ཞིག་མ་བྱུང་ཡང་ཞན་དུ་འགྲོ་གི་རེད་བསམ་པ་ཞིག་དྲན་གྱི་མེད།དེར་བརྟེན་ད་ཐེངས་འདིར་རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་ཕེབས་པའི་སྐབས་སུ་རྒྱ་གར་གྱི་ངོས་ནས་བོད་པའི་རེ་བ་སྟོང་ཟད་འགྲོ་གི་རེད་བསམ་པ་དེ་འདྲ་དྲན་གྱི་མེད་ཅེས་གསལ་པོ་བྱས་ཏེ་ཞུ་རྒྱུ་དང་།གཙོ་བོ་རྒྱ་ནག་གི་སྲིད་འཛིན་ད་ཐེངས་འདིར་ཕེབས་པའི་སྐབས་སུ་ཚོང་འབྲེལ་གྱི་ཐོག་ནས་གནད་དོན་གཙོ་བོ་ཞིག་ཡོང་གི་རེད།དེ་མ་ཡིན་པའི་ས་མཚམས་དང་བོད་པའི་གནད་དོན་སྐོར་གླེང་སློང་གནང་རོགས་ཞེས་ཞུ་གི་ཡོད།གླེང་སློང་གནང་བའི་ཐོག་ནས་རྒྱ་གར་གྱི་བོད་ཀྱི་ཐོག་ལ་འཛིན་པའི་སྲིད་བྱུས་ཁ་གསལ་དུ་བཏང་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རམ་འདེགས་དང་མཐུན་འགྱུར།རོགས་རམ་བཅས་གནང་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད།གང་ཡིན་ཟེར་ན་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ལྡེ་མིག་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆགས་ཀྱི་ཡོད་པ་རེད།དེ་བཞིན་རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་དམ་ཟབ་ཡོང་རྒྱུ་དང་ཡར་རྒྱས་འགྲོ་རྒྱུ་སོགས་ཀྱི་ཐད་བོད་པའི་དཀའ་རྙོག་དེ་སེལ་ཐུབ་ན་དེ་ལྡེ་མིག་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད་བསམ་གྱི་ཡོད།དེར་བརྟེན་དེ་རིང་རྒྱ་གར་གཞུང་གི་ཆེས་མཐོའི་མི་སྣ་ཚོ་རྒྱ་ནག་གཞུང་གི་འགོ་ཁྲིད་མི་སྣ་མཇལ་བའི་སྐབས་སུ་ང་ཚོས་རེ་བ་ཆེན་པོ་ཞུ་གི་ཡོད་ཅེས་ཞུ་འདོད་བྱུང་སོང་། བོད་ནང་གི་ཐད་ཉེ་སྔོན་མང་གཙོའི་དུས་དྲན་ཚོགས་ཟིན་ཙམ་ཡིན་པས་སྤྱི་འཐུས་ལྷན་ཚོགས་ཀྱི་དགོངས་འཆར་གང་ཡོད་མང་ཆེ་བ་ཞིག་དེའི་ནང་ཞུས་ཟིན་པ་ཡིན།

གང་ལྟར་ཡང་སྙིང་རྒྱ་ནག་གི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འདིའི་འོག་ནས་འཛུགས་སྐྲུན་དང་ཡར་རྒྱས་ལ་མིང་བཏགས་ནས་བོད་ནང་ལ་ཡར་རྒྱས་ཀྱི་ལས་གཞི་མང་པོ། ལམ་ཀ་ཡིན་ནའང་རེད།མེ་འཁོར་ལྕགས་ལམ་ཡིན་ནའང་རེད།གནམ་གྲུའི་ཐང་ཡིན་ནའང་རེད།མང་པོ་ཞིག་བརྒྱབས་ཡོང་གི་ཡོད་པ་རེད།དེ་ཚོ་བོད་མིའི་ཆེད་དུ་མིན་པ་གསལ་པོ་རེད།དེ་ཚོས་ང་ཚོ་བོད་པའི་ངོ་བོ་རྩ་བརླག་འགྲོ་རྒྱུའི་རྒྱུ་གཙོ་བོ་གཅིག་ཆགས་རྒྱུ་ཡིན་པ་གསལ་པོ་རེད།གཞི་རྩའི་བོད་ཀྱི་ཁོར་ཡུག་གཙང་མ་ཡིན་ནའང་ད་ལྟ་འཛུགས་སྐྲུན་གྱི་ལས་གཞི་དེ་དག་གི་ཐོག་ནས་རྨ་མང་པོ་བཟོ་བ་དང་།  ས་གནས་ཀྱི་འགོ་ཁྲིད་པ་དང་བོད་མི་ཚོའི་དབར་ལ་འཁོན་འཛིན་མང་པོ་ཞིག་ཆགས་རྒྱུའི་རྒྱུ་རྐྱེན་ཆགས་བསྡད་ཡོད་པ་རེད།དེ་བཞིན་གཏེར་ཁ་སྔོག་འདོན་བྱེད་པའི་ཐོག་ནས་བོད་མི་ཚོ་ལ་དཀའ་ངལ་མང་པོ་གཅིག་སྤྲད་ཀྱི་ཡོད་པ་རེད།ཆུ་རགས་བརྒྱབས་པས་མཚོན་བོད་ཀྱི་སྣོད་བཅུད་ལ་རྨ་མང་པོ་བཟོས་ནས་གཟུགས་པོ་ལྟ་བུར་མ་སོང་ན་བོད་འདི་ནད་པ་གཅོང་ཆེན་གཅིག་བཟོ་རྒྱུའི་འཆར་གཞི་ད་ལྟ་རྒྱ་ནག་གིས་བསྒྲིགས་དང་སྒྲིག་བཞིན་པ་རེད།ལས་རིམ་སྤེལ་དང་སྤེལ་བཞིན་པ་རེད།ལྷག་པར་དུ་བོད་ཀྱི་ཁོར་ཡུག་ལ་བར་ལམ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ཚན་རིག་གི་སྡེ་ཚན་གཅིག་གིས་དེབ་གཅིག་བཏོན་ཡོད་པ་རེད།དེའི་ནང་འདས་པའི་ལོ་བཅུའི་དངོས་ཡོད་གནས་སྟངས་དེ་ཚོ་ཆ་ཚང་ཞིག་གསལ་བསྡད་ཡོད་པ་རེད།  དེར་བརྟེན་ཁོ་རང་ཚོས་ཉམས་ཞིབ་བྱས་པ་ནང་བཞིན་བྱས་ནས་དེ་ལ་ཐབས་ལམ་འདྲ་ག་རེ་འདུག བོད་ཀྱི་ཁོར་ཡུག་ཉམས་གསོ་བྱེད་རྒྱུ་ལ་ཐབས་ལམ་འདྲ་ག་རེ་འདུག ཏན་ཏན་ཏིག་ཏིག་བྱས་ནས་སྲིད་བྱུས་སྒྲིག་དགོས་པ་དང་།དེ་བཞིན་སྒྲིག་གཞི་ལག་བསྟར་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུགཉམས་ཞིབ་བྱས་པ་ཙམ་གྱི་དཀའ་ངལ་སེལ་གྱི་ཡོད་པ་མ་རེད།ད་ལྟའི་གནས་སྟངས་དཔེར་ན་ང་ཚོའི་རྒྱ་གར་གྱི་ཇཱ་མུ་ཀ་ཤི་མིར་གྱི་མངའ་སྡེའི་ནང་ཆུ་ལོག་གི་དཀའ་ངལ་ཤུགས་ཆེན་པོ་འཕྲད་བཞིན་ཡོད་པ་རེད།དཀའ་ངལ་དེ་འཕྲད་སྡོད་མཁན་གྱི་ཇཱ་མུ་ཀ་ཤི་མིར་གྱི་ང་ཚོའི་གྲོགས་པོ་ཚང་མ་ལ་བོད་པ་ཚོས་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་ཞུ་རྒྱུ་ཡིན།གལ་ཏེ་བྱུང་བ་ཡིན་ན་ང་ཚོ་བོད་མི་ཚོས་སོ་སོའི་འཇོན་ཚོད་ལ་དཔག་པའི་དཔལ་འབྱོར་བསྡུ་རུབ་གཅིག་བྱས་ནས་ཕ་གིར་ཕན་ཐོགས་པ་བྱུང་བ་ཡིན་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག  ཆུའི་དཀའ་ངལ་དེ་ད་ལྟ་ཉིན་མ་ག་ཚོད་ཅིག་ལྷག་འགྲོ་མིན་ཞུ་ཤེས་ཀྱི་མ་རེད།ད་དུང་ཆུའི་དཀའ་ངལ་དེ་ཚར་བའི་རྗེས་ནད་ཡམས་ཀྱི་གནས་ཚུལ་གཅིག་ཡོང་བསྡད་ཀྱི་ཡོད་དུས། ང་ཚོས་རོགས་པ་བྱེད་ཐུབ་རྒྱུ་ཡོད་པ་ཡིན་ན་ཕྱི་དྲགས་ཡོད་པ་མ་རེད་བསམ་གྱི་འདུགགནད་དོན་དེ་ཚོ་དང་བོད་ཀྱི་ཁོར་ཡུག་ལ་འབྲེལ་བ་ཆགས་བསྡད་པའི་གནས་སྟངས་ཅིག་རེད།རྒྱ་ནག་ནང་ལའང་ཆུ་ལོག་རེད། ས་འགུལ་རེད། མང་པོ་གཅིག་བོད་ཀྱི་ཁོར་ཡུག་དང་འབྲེལ་བ་ཆགས་བསྡད་པའི་གནས་སྟངས་ཤིག་ཡིན་དུས་ཉམས་ཞིབ་ཙམ་མ་ཡིན་པར་བོད་ཀྱི་ཁོར་ཡུག་ལ་རྒྱ་ནག་གཞུང་གིས་དོ་སྣང་བྱེད་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡོད་པ་རེད་ཅེས་བསམ་གྱི་ཡོད།སྲིད་འཛིན་ཞི་ཅིང་ཕེང་རྒྱ་གར་ལ་ཕེབས་པར་དང་འབྲེལ་བའི་ང་རང་ཚོས་གྲོས་ཚོགས་ནང་ལ་ཚེས་ ༡༦ ཉིན་མོ་བགྲོ་གླེང་བྱེད་རྒྱུའི་ལས་རིམ་གཅིག་གོ་རིམ་བསྒྲིགས་བཞག་ཡོད།དེའི་སྐབས་ལ་སྐུ་ངོ་སྤྱི་འཐུས་རྣམ་པ་རེད།འཛིན་སྐྱོང་བཀའ་ཤག་ངོས་ནས་དགོངས་ཚུལ་ག་རེ་གསུང་རྒྱུ་ཡོད་པ་ཡིན་ནའང་གསུང་རྒྱུའི་གོ་སྐབས་ཅིག་གྲོས་ཚོགས་འདིའི་ནང་སྐྲུན་གྱི་ཡིན་བཅས་ཞུ་རྒྱུ་ཡིན།

དེ་ནས་གྲོས་ཚོགས་ཚོགས་དུས་བདུན་པ་ནས་བཟུང་བརྒྱད་པའི་བར་དུ་བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་རེད།  བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་སོ་སོ་ས་ཁུལ་ས་བགོས་གཞིར་བཟུང་གི་མི་མང་གི་བདེ་སྡུག་དང་མི་མང་གི་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུ། མང་གཙོ་སྲ་བརྟན་བཟོ་རྒྱུ་གཙོས་པའི་ལས་རིམ་མང་པོ་ཞིག་ལ་ས་བགོས་གཞིར་བཟུང་བྱས་ནས་ཕེབས་ཡོད་པ་རེད།  ཕྱག་ལས་ཡག་པོ་བྱུང་ཡོད་པ་རེད།མི་མང་དང་འཛིན་སྐྱོང་དབར་ལ་ཟམ་པ་ལྟ་བུ་བྱས་ནས་མི་མང་ལ་དཀའ་ངལ་གང་ཡོད་པ་དེ་སྤྱི་འཐུས་རྒྱུན་ལས་བརྒྱུད་ནས་འཛིན་སྐྱོང་བཀའ་ཤག་ལ་ཕུལ་ཡོད་པ་དང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བཀའ་ལན་གནང་ཡོད་པ་རེད།  བཀའ་ལན་གནང་པའི་ནང་ནས་འདོད་པ་ཁེངས་པ་བྱུང་བའི་རིགས་གཅིག་ཡོད་པ་རེད།ཡང་འདོད་པ་མ་ཁེངས་པའི་རིགས་གཅིག་ཡོད་པ་རེད། འདོད་པ་མ་ཁེངས་པ་ཡོད་ན། གྲོས་ཚོགས་འདིའི་ནང་ལ་བཏོན་གནང་བའི་གོ་སྐབས་ཆ་ཚང་ཞིག་ཡོད་པ་རེད།ང་ཚོ་སྤྱི་ཡོངས་ནས་དཔལ་འབྱོར་གྱི་ཐོག་ནས་རེད།  མིའི་ནུས་ཤུགས་ཐོག་ནས་རེད། ཞན་ཆ་མང་པོ་ཡོད་པ་རེད།ཡོད་པ་ཡིན་ནའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ནས་འདས་པའི་ཟླ་བ་དྲུག་རིང་། དཔེར་ན། དཔལ་ལྡན་ཚོགས་གཙོ་གཞོན་པ་དབུས་པའི་སྤྱི་འཐུས་རྣམ་པ་བཞི་ཡུ་རོབ་རྒྱལ་ཁབ་བདུན་བརྒྱད་ལ་བོད་དོན་གྱི་ཐོག་ལ་འགྲེལ་བརྗོད་བྱ་རྒྱུ། རྒྱབ་སྐྱོར་འཐོབ་རྒྱུ། གང་ལྟར་ཞུ་གཏུགས་ཀྱི་ལས་འགུལ་དང་འབྲེལ་ཡོད་ཀྱི་དཔོན་རིགས་མང་པོ་ཞིག་ཐུག་རྒྱུ་བྱུང་ཡོད་པ་རེད། དེ་ནས་སྤྱི་འཐུས་ཁག་ཅིག་ཉེ་ཧོང་ལ་ཕེབས་པ་དེ་འདྲ་བྱུང་ཡོད་པ་རེད། སྤྱི་འཐུས་ཁག་ཅིག་ཨོ་སི་ཀྲོ་ལི་ཡར་ཕེབས་རྒྱུའི་གོ་སྐབས་དེ་འདྲ་བྱུང་ཡོད་པ་རེད། དེ་ཚོ་ཡང་ང་ཚོས་གཞུང་གྲོན་བསྲི་ཚགས་བྱས་ནས་གང་ཐུབ་ཀྱིས་རོགས་རམ་བཙལ་ནས་འགྲོ་གི་ཡོད་པ་རེད། གཞུང་གྲོན་མང་པོ་གཏོང་མི་དགོས་པ་བྱས་ནས་འགྲོ་གི་ཡོད་པ་རེད། མ་འོངས་པར་དེ་འདྲའི་ལས་འཆར་མང་པོ་སྤེལ་རྒྱུ་ཡོང་གི་རེད། རྒྱ་གར་ནང་ལ་ཡང་དེ་འདྲའི་ལས་འགུལ་ཆ་ཚང་ཞིག་ད་ལྟ་བང་བསྒྲིགས་ནས་བཞག་ཡོད། དེར་བརྟེན་སྤྱི་འཐུས་རྣམ་པ་ཚོས་མིང་ཙམ་གྱི་སྤྱི་འཐུས་མིན་པར་དོན་གྱི་ཐོག་ནས་དེ་འདྲའི་ལས་དོན་བསྒྲུབས་ཐུབ་པར་ཐུགས་རྗེ་ཆེ་ཞུ་གི་ཡོད། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ལས་དོན་གང་གནང་བ་དེ་ལས་བསྡོམས་ནང་གསལ་ཡོང་གི་ཡོད་པར་བརྟེན་ངས་ཚབ་བྱས་ནས་ཞུ་མི་དགོས་པ་ཞུ་རྒྱུ་ཡིན། ཕྱག་ལས་མང་པོ་ཞིག་གནང་བསྡད་ཀྱི་ཡོད་པ་རེད། ལྷན་རྒྱས་ཚོས་བརྒྱུད་ལམ་ཁག་ནས་གཟིགས་བསྡད་ཀྱི་ཡོད་པ་རེད།

དེ་མིན་དེ་རིང་གི་གྲོས་ཚོགས་འདིའི་ནང་ལ་ལས་རིམ་གཞན་དེ་ཚོ་གདུང་སེམས་མཉམ་སྐྱེད་ད་གིན་གོང་དུ་ཞུས་པ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་པའི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་ལྟར་ཕེབས་ཀྱི་ཡོད་པ་རེད།དེའི་རྗེས་སུ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ལྔ་པའི་རྩིས་སྙན་ཁག་ལ་ཞིབ་འཇུག་ཞུས་ནས་གཙང་མ་བཟོས་ཟིན་པའི་གནས་སྟངས་ཀྱི་རྗེས་སུ་འཛིན་སྐྱོང་བཀའ་ཤག་གི་མཇུག་སྐྱོང་ལག་བསྟར་གནང་བཞིན་པ་དེ་ལ་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་དུས་ཚོད་མང་པོ་ཞིག་བཏང་ནས་གཙང་མ་གང་བཟོས་ཟིན་པ་དང་། གང་ལྷག་ཡོད་པ་ཆ་ཚང་ཞིག་གྲོས་ཚོགས་ནང་ལ་སྙན་སྒྲོན་ཡོང་གི་རེད། རྩ་བའི་དེ་ལྟར་བལྟས་པ་ཡིན་ན་ལས་རིམ་ཆུང་ཆུང་འདྲ་པོ་ཞིག་ཡོད་པ་རེད། ཡིན་ནའང་ལོ་མང་པོ་ཞིག་གི་རྩིས་རྙོག་དེ་ཚོ་ལྷག་བསྡད་ཀྱི་ཡོད་དུས། འཛིན་སྐྱོང་ངོས་ནས་དུས་ཚོད་མང་པོ་ཞིག་གཏོང་དགོས་ཀྱི་ཡོད་པ་ཆགས་ཀྱི་ཡོད་ལ། སྤྱི་འཐུས་ཀྱི་ངོས་ནས་དུས་ཚོད་མང་པོ་ཞིག་གཏོང་དགོས་པ་ཆགས་ཀྱི་ཡོད་པ་རེད།གང་ལྟར་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ལྔ་པས་ལོ་གཅིག་རིང་ཕྱག་ལས་གནང་བཞག་པ་དང་སྤྱི་འཐུས་རྒྱུན་ལས་ངོས་ནས་དེ་ལ་མཇུག་སྐྱོང་བྱེད་རྒྱུ་དང་། དེ་བྱས་པའི་སྐབས་སུ་འཛིན་སྐྱོང་གི་ངོས་ནས་ཡིན་ནའང་ལས་ཀྱི་སྣེ་མོ་བ་དང་། དེ་བཞིན་ལས་བྱེད་ཚོའི་ངོས་ནས་གཟབ་ནན་གྱིས་ཐུགས་སྣང་ཆེན་པོའི་ཐོག་ནས་ས་གནས་རེ་རེར་འབྲེལ་བ་བྱས་ནས་གནད་དོན་མང་པོ་ཞིག་གཙང་མ་ཆགས་ཐུབ་པ་བྱུང་སོང་། གང་ལྟར་གནད་དོན་རྩིས་རྙོག་ཆིག་སྟོང་བདུན་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ལས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ལྔ་པས་གཙང་མ་བཟོས་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་མཇུག་སྐྱོང་བྱས་ནས་གཙང་མ་བཟོས་ནས་ད་ལྟའི་ཆར་ལས་ཁུངས་སུམ་ཅུ་སོ་གཉིས་སོ་གསུམ་ཙམ་གཟིགས་རྒྱུ་བྱུང་ཡོད་པ་མ་རེད། དེ་མིན་ལས་ཁུངས་ཁག་ཚང་མའི་རྩིས་སྙན་མུ་མཐུད་ལྷག་བསྡད་པ་དེ་བདུན་ཅུ་དོན་བཞི་ཙམ་མ་གཏོགས་ལྷག་མེད་ཅེས་ཞུ་རྒྱུ་ཡིན། མ་འོངས་པར་ཡིན་ནའང་གནད་དོན་དེ་ཚོའི་ཐོག་ལ་ད་ལྟ་སྐབས་ཐོག་སྐབས་ཐོག་ལ་གཙང་མ་བཟོ་རྒྱུ་གལ་ཆེན་པོ་རེད་འདུག དེ་ཚོའི་ཐོག་ལ་འཛིན་སྐྱོང་ངོས་ནས་ཐུགས་སྣང་གནང་དགོས་ཀྱི་འདུག་ལ། རྩིས་ཞིབ་ལྷན་ཁང་གི་ངོས་ནས་ཡིན་ནའང་དུས་ཐོག་དུས་ཐོག་ལ་རྩིས་ཞིབ་བྱེད་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་མིན་དྲི་བ་དྲིས་ལན་གྱི་ལས་རིམ་ཡོད་པ་རེད། ད་ལྟ་བར་དུ་ཐུགས་སྣང་གང་ཡང་འབྱོར་མ་སོང་། མང་ཆེ་བ་ཞིག་ང་ཚོ་ལས་བསྡོམས་དང་འབྲེལ་བའི་ལས་རིམ་གྱི་ཐོག་ལ་འགྲོ་དགོས་པ་ཆགས་ཀྱི་རེད། སྒྲིག་གཞི་བསྐྱར་བཅོས་ཁག་གཅིག་ཡོད། དེ་མིན་གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་ཁག་གཅིག་ཡོང་བསྡད་ཀྱི་རེད། ལས་དོན་དེ་ཚོ་ཚང་མའི་ཐོག་ལ་སྤྱི་འཐུས་རྣམ་པ་ཚོས་སློབ་སྦྱོང་གནང་། ཐུགས་སྣང་གནང་ནས་གྲོས་ཚོགས་ནང་བཀའ་མོལ་གསུང་པའི་སྐབས་ལ་འགན་ཁུར་བླངས་ནས་བཀའ་མོལ་གནང་རོགས་གནང་ཞུ་རྒྱུ་ཡིན། ང་རང་ཚོ་ཚང་མ་སྤྱི་པའི་འགན་ཁུར་ཆེད་དུ་འདི་ལ་འཛོམས་བསྡད་ཡོད་པ་རེད། སྐབས་རེ་སྐབས་རེ་ཚིག་མཐོ་དམན་དང་སྐད་ཤུགས་ཆེ་ཆུང་ཡོང་གི་ཡོད་པ་རེད། དེ་ཚོར་བ་དང་མཉམ་དུ་ཡོང་གི་ཡོད་པ་རེད། ཡིིན་ནའང་གྲོས་ཚོགས་ཀྱི་ལས་རིམ་དེ་ཚགས་ཚུད་པོ་ཞིག་འགྲོ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། དེ་སྔ་ཡིན་ནའང་མཐུན་འགྱུར་ཡག་པོ་བྱུང་སོང་། ད་ལྟ་ཡིན་པ་ཡིན་ནའང་མཐུན་འགྱུར་གནང་རོགས་གནང་ཞུ་ཡི་ཡོད།  དེ་ནས་ང་རང་ཚོའི་སྤྱི་ཚོགས་ནང་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་ཡི་ཡོད་པ་དང་། ལྷག་པར་དུ་བོད་མི་ཁག་གཅིག་ལ་སྐྱབས་བཅོལ་གྱི་ཡིག་ཆ་མ་རག་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བསྡད་ཀྱི་ཡོད་པ་རེད། གནད་དོན་དེ་ཚོའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ནའང་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡིན་ནའང་རེད། དོ་སྣང་མེད་པ་དང་སྣང་མེད་དུ་བཞག་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད།གྲོས་ཚོགས་ཚོགས་དུས་བདུན་པའི་སྐབས་སུ་ཡིན་པ་ཡིན་ནའང་ང་ཚོ་སྤྱི་འཐུས་རྣམ་པ་ཚོ་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། གྲོས་ཚོགས་ནང་ལ་བཀའ་མོལ་དེ་ཚོ་གླེང་པ་ཡིན་ན། དགེ་སྐྱོན་གང་ཆགས་ཀྱི་འདུག མ་གླེང་ན་ག་རེ་ཆགས་ཀྱི་འདུག་ཅེས་གྲོས་ཚོགས་ནང་མི་གླེང་རྒྱུ་བྱས་པ་རེད།ད་ལྟའི་དུས་སྐབས་སུ་ཡིན་པ་ཡིན་ནའང་དཀའ་ངལ་འཕྲད་བསྡད་པ་དེ་ཚོ་ལ་ག་རེ་ག་རེ་གནང་དགོས་ཀྱི་ཡོད་མེད་ཉིན་ཤས་སྔོན་ལ་བཀའ་སྤྱི་ལྷན་རྒྱས་ཚོགས་པ་རེད། སྤྱི་འཐུས་རྒྱུན་ལས་ནང་ལ་ཡིན་པ་ཡིན་ནའང་གོ་བསྡུར་རིམ་པ་མང་པོ་ཞིག་བྱུང་པ་རེད། ད་ལྟའི་གནས་བབ་དང་བསྟུན་ནས་གང་དང་གང་གནང་ཐུབ་ཀྱི་ཡོད་པ་དེ་ཆ་ཚང་ཞིག་འཛིན་སྐྱོང་གི་ངོས་ནས་ཡིན་པ་ཡིན་ནའང་བྱུང་རྐྱེན་དང་ད་ལྟའི་གནས་སྟངས་གང་ཆགས་བསྡད་ཀྱི་ཡོད་མེད་ཆ་ཚང་ཞིག་སྤྱི་འཐུས་རྒྱུན་ལས་ལ་གསལ་བཤད་བྱུང་ཡོད་པ་རེད། དེ་རིང་ནས་བཟུང་ག་རེ་གནང་དགོས་ཀྱི་ཡོད་པ་དེ་ཚོ་བང་བསྒྲིགས་བཞག་ཡོད་པ་རེད། དེ་འདྲ་སོང་ཙང་དཀའ་ངལ་འཕྲད་བསྡད་མཁན་གྱི་བོད་མི་དེ་དག་ལ་ཐུགས་ཁག་ཡོད་པ་མ་རེད།

གནད་དོན་ཞིབ་ཕྲ་གོ་སྐབས་མང་པོ་ཡོད་པ་ཡིན་སྟབས་ཁ་ཤས་ཀྱིས་ཏན་ཏན་དེའི་སྐོར་ལ་གླེང་མདོག་ཁ་པོ་རེད་བསམ་གྱི་འདུགགླེང་བའི་སྐབས་སུ་ཡིན་ནའང་འབྲེལ་ཡོད་བཀའ་བློན་ཡིན་ནའང་རེད།དཔལ་ལྡན་སྲིད་སྐྱོང་ཡིན་ནའང་རེད།སྤྱི་འཐུས་རྣམ་པ་ཚོ་ཡིན་ནའང་རེད།གཟབ་གཟབ་བྱས་ནས་གླེང་དགོས་པ་དེ་གལ་ཆེན་པོ་འདུགགྲོས་ཚོགས་འདིའི་ནང་དུ་གསུང་གཅིག་བྱོན་ཚར་དུས། འདི་ཚུར་བསྡུ་རྒྱུར་དཔེ་མི་སྲིད་པའི་ཁག་པོ་རེད།གྲོས་ཚོགས་འདིའི་སྡིངས་ཆ་དེ་ཚང་མས་གཟིགས་སྡོད་ཀྱི་ཡོད་པ་རེད།དེ་འདྲ་ཡིན་དུས་གཞན་གྱི་ལག་ཆར་མི་འགྲོ་བ་འདི་བལྟ་དགོས་རྒྱུ་དེ་གལ་ཆེན་པོ་འདུགདེ་ནས་བར་ལམ་དོལ་རྒྱལ་གྱི་གནས་ཚུལ་མང་པོ་ཞིག་ཡོང་སྡོད་ཀྱི་ཡོད་པ་རེད།ཚོགས་གཙོས་ཡིན་ཡང་དེའི་སྐོར་ལ་གང་འཚམ་ཞིག་བཤད་མྱོང་བ་རེད།དེ་བཞིན་ང་ཚོ་སྤྱི་འཐུས་རྣམ་པ་ཚོ་ས་གནས་ཚོར་ཕེབས་པའི་སྐབས་སུ་གཅིག་གསུངས་ཡོད་པ་རེད།འབྲེལ་ཡོད་བཀའ་ཤག་ཡིན་ནའང་དེའི་སྐོར་ལ་ཏན་ཏན་གསུངས་ཡོད་རྒྱུ་རེད་བསམ་གྱི་འདུག

ལྷག་པར་དུ་བོད་ནང་ལ་དེང་སང་དོལ་རྒྱལ་བསྟེན་མཁན་ཚོས་ལས་རིམ་མང་པོ་ཞིག་སྤེལ་སྡོད་ཀྱི་ཡོད་པ་དེ་ང་ཚོ་ཚང་མས་ཤེས་ཤེས་པ་རེད།དེ་འདྲ་ཡིན་དུས་དེའི་སྐོར་ལ་བོད་ནང་ལ་ཡོད་པའི་བོད་མི་རེད།བོད་ཕྱི་ལ་ཡོད་པའི་བོད་མི་ཚང་མས་གཟབ་གཟབ་བྱེད་དགོས་རྒྱུ་གནད་དོན་གང་ཡིན་པ་དེ་དག་རྟོགས་ཐུབ་པ་བྱེད་དགོས་རྒྱུ།དེ་ལ་བརྟེན་ནས་སོ་སོས་ལས་ཕྱོགས། ལངས་ཕྱོགས་གང་འདྲ་ཞིག་ཡིན་པ་ཡིན་ནའང་དགོངས་པ་བཞེས་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་དེ་རིང་གྲོས་ཚོགས་འདི་བརྒྱུད་ནས་ཞུ་ཡི་ཡོད།ཁོང་ཚོར་དངུལ་དངོས་ཁེ་ཕན་དང་འབྲེལ་བའི་ཐོག་ནས་ལས་འགུལ་དེ་ཤུགས་ཆེ་རུ་ཆེ་རུ་དང།ངོ་ཚ་ཁྲེལ་གཞུང་གང་ཡང་མེད་པའི་ཐོག་ནས་བྱེད་སྡོད་ཀྱིན་ཡོད་པ་དེ་བོད་མི་སྤྱི་བོ་གནམ་བསྟན་ཚོས་ཤེས་ནས་ཁོ་ལ་གདོང་ལེན་གང་འདྲ་ཞིག་བྱེད་དགོས་ཀྱི་ཡོད་ནའང་བྱེད་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་ཡི་ཡོད།དེ་ནས་དེ་རིང་གྲོས་ཚོགས་ཚོགས་དུས་འདིའི་སྐབས་སུ་སྤྱི་འཐུས་གསུམ་གྲོས་ཚོགས་མགོ་ནས་མཇུག་བར་དགོངས་པ་ཞུས་གནང་སོང།དེ་མ་ཡིན་པ་སྤྱི་འཐུས་འགའ་ཤས་ཤིག་ཉིན་ཁ་ཤས་རིང་ལ་དགོངས་པ་ཞུ་མཁན་བྱུང་སོང།དེ་མ་ཡིན་པའི་སྤྱི་འཐུས་གཞན་ཚང་མ་འདིེར་འཛོམས་གནང་ཡོད་པ་རེད།མཐའ་མའི་བསྡོམས་ལྟ་བུར་གང་ལྟར་དེ་རིང་ང་ཚོ་གྲོས་ཚོགས་འདི་ཚོགས་པའི་སྐབས་སུ་གནས་དོན་ཛ་དྲག་པོ་མང་པོ་ཞིག་དང་འབྲེལ་བ་ཆགས་སྡོད་ཀྱི་ཡོད་པ་རེད།དེ་འདྲ་ཡིན་སྟབས་སྤྱི་འཐུས་རྣམ་པ་ཚོ་རེད།འཛིན་སྐྱོང་ངོས་ནས་གྲོས་ཚོགས་ཀྱི་ལས་རིམ་ནང་དུ་མཉམ་ཞུགས་གནང་བའི་སྐབས་སུ་གཟབ་གཟབ་ངང་ནས་གནད་དོན་དབུ་ཡག་པོ་འཚོས་པའི་ཐོག་ནས་གསུངས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།གྲོས་ཚོགས་ཀྱི་ལས་རིམ་དེ་ང་རང་ཚོའི་སྡིངས་ཆ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་ཡིན་ནའང་དྲི་བ་གཏོང་བ་དང་དེ་ཚོ་ལས་འགན་རེད།བསམ་ཚུལ་ཞུ་རྒྱུ་ལས་འགན་རེད།དེ་བཞིན་འཛིན་སྐྱོང་གི་ངོས་ནས་ཡིན་ནའང་སྡིངས་ཆ་དེ་གལ་ཆེན་པོ་རྩིས་པའི་ཐོག་ནས་སྤྱི་འཐུས་ཤིག་ལ་གལ་སྲིད་དོགས་པ་རྣམ་དོག་དེ་འདྲ་ཞིག་ཡོང་གི་ཡོད་པ་ཡིན་ན་མང་ཚོགས་ཀྱི་ནང་དུ་ཡོད་དང་ཡོད།སྡིངས་ཆ་འདི་བརྒྱུད་ནས་ངས་གཙང་མ་བཟོ་དགོས་བསམ་བསམ་ཞིག་གི་དགོངས་པའི་ཐོག་ནས་གནང་ཐུབ་པ་ཡིན་ན། ཚང་མར་དགེ་མཚན་ཆེན་པོ་ཡོང་གི་རེད་བསམ་གྱི་ཡོད།དེ་ནས་དེ་རིང་གྲོས་ཚོགས་འདིའི་ནང་དུ་སྤྱི་འཐུས་གསར་པ་གཉིས་ཕེབས་ཡོད་པ་རེད།ཡོ་རོབ་སྤྱི་འཐུས་ཆུང་བདག་ཀོ་རན་ལགས་དགོངས་པ་ཞུས་པའི་ཚབ་ཏུ་སྤྱི་འཐུས་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཕེབས་ཡོད་པ་རེད།དེ་བཞིན་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་དགོངས་པ་ཞུས་པའི་ཚབ་ཏུ་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ཕེབས་ཡོད་པ་རེད།ཁོང་རྣམ་པ་གཉིས་ལ་ཕེབས་བསུའི་དགའ་བསུ་ཞུ་རོགས་གནང་ཞུ་རྒྱུ་ཡིན་བཅས་གསུངས།།