༄༅། །ཀ་སྦུག་བོད་མིའི་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་སྐབས་དཔལ་ལྡན་སྤྱི་ལྷན་ཚོགས་གཙོ་མཆོག་གདན་ཞུས་ལྟར་གཞུང་འབྲེལ་ཕེབས་གཏན་འཁེལ།

ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༨, ༩, ༡༠ བཅས་སུ་ཀ་སྦུག་བོད་མིའི་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ལྟར། སྐབས་དེར་ཕྱི་ཚེས་ ༡༠ ཉིན་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྤྱི་ལྷན་ཚོགས་གཙོ་མཆོག་གདན་ཞུས་ལྟར་གཞུང་འབྲེལ་ཕེབས་གཏན་འཁེལ་ཡོད་པར། དཔལ་ལྡན་ཚོགས་གཙོ་མཆོག་འདི་ཟླའི་ཚེས་ ༨ ཉིན་སྔ་དྲོ་རྡ་ས་ནས་ཕེབས་ཐོན་གནང་སྟེ་ཅན་རྡི་སྒར་བརྒྱུད་ལྡི་ལིར་ཕེབས་ཐོན་གནང། ཚེས་ ༩ ཉིན་ལྡི་ལི་ནས་བྷག་ཌོ་ར་ (Bagdora) བརྒྱུད་ཀ་སྦུག་ཏུ་ཕེབས་ཐོན་གནང་རྒྱུ་དང་། ཚེས་ ༡༠ ཉིན་ཀ་སྦུག་བོད་མིའི་གཏན་སློབ་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོར་མཉམ་ཞུགས་གནང་རྒྱུ། ཚེས་ ༡༡ ཉིན་ཀ་སྦུག་ས་གནས་བོད་མི་ལ་གསུང་བཤད་གནང་རྒྱུ། ཚེས་ ༡༢ ཉིན་ཀ་སྦུག་ནས་བྷག་ཌོ་ར་བརྒྱུད་ལྡི་ལིར་ཕེབས་གནང་རྒྱུ། ཚེས་ ༡༣ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་བཅས་ཀྱི་མཛད་རིམ།།