ཨ་རུ་ན་ཅཱལ་མངའ་སྡེའི་ཆོས་རིག་ལྷན་ཁང་གི་འགན་འཛིན་མཆོག་དང་། རྟ་དབང་ཁུལ་གྱི་རྫོང་དཔོན་སོགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཨ་རུ་ན་ཅཱལ་མངའ་སྡེའི་ཆོས་རིག་ལྷན་ཁང་གི་འགན་འཛིན་སྐུ་ཞབས་འཇམ་དཔལ་དབང་འདུས་ (Jamphel Wangdue, Chairman of Department of Karmik& Adhyatmik) མཆོག་དང་། རྟ་དབང་ཁུལ་གྱི་རྫོང་དཔོན་སྐལ་བཟང་དངོས་གྲུབ་ (Kesang Ngudup Demo, Deputy Commissioner of Tawang Distrct) མཆོག མོན་པ་མི་མང་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་རྣམ་རྒྱལ་ཚེ་རིང་ (Secretary General, Monpa Mimang Tsogpa) མཆོག རྟ་དབང་རྫོང་དཔོན་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་མགོན་པོ་ (Legi Gombu, Zilla Parishad, Chairperson Tawang District) མཆོག རྟ་དབང་ཁུལ་གྱི་བྷི་ཇེ་པི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བྱམས་པ་ཚེ་རིང་ (Jampa Tsering, General Secretary BJP, Tawang Distrct) མཆོག རྟ་དབང་ (Bharatiya Yuva Morcha) ཚོགས་པའི་ཚོགས་གཙོ་སྐུ་ཞབས་སངས་ནོར་བུ་ (Sang Norbu) མཆོག་བཅས་དང་། གཞན་རྟ་དབང་ཁུལ་གྱི་གནད་ཡོད་མི་སྣ་ཁག་ཅིག་བཅས་བཞུགས་སྒར་དུ་བརྟན་ཞུགས་སླད་ཕེབས་པ་དང་བསྟུན། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༦ ཉིན་རྒྱབ་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་སྣེ་ལེན་མཇལ་འཕྲད་གནང་སོང་།

དེ་ཡང་ཐོག་མར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ཀྱི་སྣེ་ཁྲིད་འོག ཁོང་རྣམས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་ཤིང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས་སྐོར་སོགས་ངོ་སྤྲོད་དང་། དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཚང་མ་ལྷན་འཛོམས་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་ལ་བོད་ཀྱི་ཁོར་ཡུག་གི་ཤུགས་རྐྱེན་སྐོར་དང་། མོན་པ་དང་། བོད་མིའི་རིག་གཞུང་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཤུགས་ཆེ་ཡོད་པའི་སྐོར་སོགས་གསུངས་གནང་སོང་།

Menu