ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་གི་སྲས་མོ་མཱོ་ལེ་ མེག་གྷོ་ཝན་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐུགས་གསོ་ཞུས་པ།

༄༅། ། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Rep. Jim McGovern) མཆོག་གི་སྲས་མོ་མཱོ་ལེ་ མེག་གྷོ་ཝན་ (Molly McGovern) ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐུགས་གསོ་ཞུས་གནང་འདུག

དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་ལ་ཕུལ་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་སྲས་མོ་མཱོ་ལེ་ མེག་གྷོ་ཝན་ (Molly McGovern) ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བློ་ཕམ་ཆེན་པོ་བྱུང་། ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་དང་། ནང་མི་ལྷན་རྒྱས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།

སྲས་མོ་ཁོང་ནི་བྱམས་བརྩེའི་ནུས་པ་འདོན་སྤེལ་ཐུབ་མཁན་གྱི་སྐྱེས་མ་ཞིག་ཡིན། ནད་མནར་གྱི་སྐབས་སུ་སྲས་མོ་ཁོང་གིས་སྙིང་སྟོབས་ཆེན་པོས་གདོང་ལེན་གནང་སྟངས་དེ་ནི་ཚང་མ་སེམས་འགུལ་ཐེབས་དགོས་པ་ཞིག་རེད་འདུག དཀའ་སྡུག་ཆེ་བའི་དུས་སྐབས་འདིར་ང་ཚོ་བོད་མི་ཚང་མས་སྐུ་ཉིད་དང་། ནང་མི་ལྷན་རྒྱས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།