ཨ་རིའི་གྲོས་ཚོགས་གོང་མར་བོད་དོན་གྲོས་ཆོད།

༄༅།  །ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Dianne Feinstein (ཌ་ཡིན། ཕྷ་ཡིནསི་ཊཡིན་) མཆོག་དང། སྐུ་ཞབས་ Joseph Lieberman (འཇོ་སེབ། ལི་བྷར་མན་) མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་སྤྱི་དང།  བྱེ་བྲག་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་མནར་གཅོད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པའི་རྒྱབ་སྐྱོར་གནང་སླད་གྲོས་ཆོད་གྲོས་འཆར་ཞིག་འདོན་གནང་མཛད་པར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio མཆོག་དང།  ལྕམ་སྐུ་ Barbara Boxer མཆོག  སྐུ་ཞབས་ Dick Durbin མཆོག  སྐུ་ཞབས་ John McCain མཆོག  སྐུ་ཞབས་ Jim Webb མཆོག  སྐུ་ཞབས་ Mark Udall མཆོག  སྐུ་ཞབས་ Ben Cardin མཆོག  སྐུ་ཞབས་ Patrick Leahy མཆོག  སྐུ་ཞབས་ Robert Menendez མཆོག  སྐུ་ཞབས་ Tom Udall མཆོག་བཅས་ཀྱིས་རྒྱབ་སྐྱོར་གནང་བ་བཅས་ལ་བརྟེན་ནས་དོན་ཚན་དྲུག་ཅན་གྱི་གྲོས་ཆོད་འཇོག་གནང་ཐུབ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྗེས་སུ་ཡི་རངས་དང་བཅས་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང།  གྲོས་ཆོད་འདིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྣམས་གསལ་བཏོན་དང་འབྱུང་འགྱུར་བོད་དོན་བདེན་མཐའ་གསལ་ཐབས་བཅས་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་བའི་ང་ཚོས་རེ་བ་ཞུ་བཞིན་པ་དང།  ཁོང་རྣམ་པས་ཐུགས་བརྩེའི་ངང་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བ་དེར་ང་ཚོས་དུས་རྟག་ཏུ་བཀའ་དྲིན་སྙིང་བཅང་ཞུ་རྒྱུ་ཡིན་བཅས་འཁོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མཚན་ཐོག་ནས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༤ འཁོད་པའི་ཕྱག་བྲིས་ལྕམ་སྐུ་ Dianne Feinstein མཆོག་གིས་གཙོས་འཐུས་མི་རྣམ་པར་འབུལ་ལམ་ཞུས་ཡོད་པ་རེད།    ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༥ ལ།།

 

 

Menu