ཧྥ་རན་སིར་ཡུ་རོབ་བདེན་པའི་མེ་ལྕེ་འབྱོར་བ།

ཧྥ་རན་སིར་ཡུ་རོབ་བདེན་པའི་མེ་ལྕེ་འབྱོར་བ།ཧྥ་རན་སིར་ཡུ་རོབ་བདེན་པའི་མེ་ལྕེ་འབྱོར་བ།
ཧྥ་རན་སིར་ཡུ་རོབ་བདེན་པའི་མེ་ལྕེ་འབྱོར་བ།ཧྥ་རན་སིར་ཡུ་རོབ་བདེན་པའི་མེ་ལྕེ་འབྱོར་བ།ཧྥ་རམ་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་རྒྱལ་རོང་ཁྲོ་ཆུ་ཚ་ཁོ་ཐུབ་བསྟན་རྒྱ་མཚོས་གནས་ཚུལ་མཁོ་སྤྲོད་ལྟར་ན། ཕྱི་ ལོ ༢༠༡༢ ཟླ་ ༩ ཚེས ༨ ཉིན་ཧྥ་རན་སིའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་རིག་གཞུང་དུས་སྟོན་དང་སྟབས་བསྟུན་ཏེ་བདེན་པའི་མེ་ལྕེ་སྣེ་ལེན་འབྲེལ་གཞུང་འབྲེལ་མཛད་སྒོ་ཟབ་རྒྱས་ཞིག་ཚོགས། མཛད་སྒོ་དེར་སྐུ་མགྲོན་མི་སྣ་གལ་ཆེ་གཤམ་གསལ་ཁག་གདན་འདྲེན་ཞུས་ཡོད། ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས André GATTOLIN དང་ཡུ་རོབ་སྤྱི་འཐུས་སྐུ་ཞབས་དབང་ཆེན་ལགས། གློག་བརྙན་འཁྲབ་སྟོན་མཁན་ལྕམ Véronique JANNOT ལགས། ཧྥ་རན་སིའི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Jean Marc Brûlé ལགས། བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་བཟོ་སྐྲུན་པ་སྐུ་ཞབས་ Bernard Debord ལགས། རང་གཞུང་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་སྐུ་ཞབས་ཚེ་རིང་དོན་འགྲུབ་ལགས། བོད་དོན་རྒྱབས་སྐྱོར་ཚོགས་པའི་སྐུ་ཚབ་ལྕམ་ Marcel Roux ལགས། རྒྱ་ནག་མང་གཙོ་དོན་གཉེར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Wujian ལགས། རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་བ་སྐུ་ཞབས་ Wang Longmen ལགས་བཅས་བདེན་པའི་མེ་ལྕེའི་སྣེ་ལེན་མཛད་སྒོར་ཕེབས་ཡོད། དེའི་སྐབས་སུ་བོད་རིགས་མི་མང་དང་ཧྥ་རན་སིའི་ཡུལ་མི་བཅས་ཁྱོན་བསྡོམས་ཆིག་སྟོང་ལྷག་ཙམ་ཕེབས་གནང་ཡོད།
བོད་ཀྱི་རིག་གཞུང་དུས་སྟོན་ཉིན་གཉིས་རིང་བདེན་པའི་མེ་ལྕེའི་ལས་འགུལ་བརྒྱུད་མང་ཚོགས་་ནས་མཚན་རྟགས་བསྡུ་ལེན་བྱས་པ་དང་ད་དུང་མུ་མཐུད་དེ་བསྡུ་འཆར་རེད་འདུག ཕྱི་ཚེས ༡༠ ཉིན་ཧྥ་རན་སིའི་འགྲོ་བ་མིའི་ཐོབ་ཐང་ཐང་ཆེན་ནས་རྒྱ་ནག་གཞུང་ཚབ་དབར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འདུག དེར་མི་མང་ཉིས་བརྒྱ་ལྷག་ཕེབས་གནང་འདུག ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༢ ལ།།