སྦེལ་ཀོབ་ས་གནས་མདོ་སྨད་སེར་སྐྱ་མི་མང་གིས་སྨོན་ལམ་མཆོད་འབུལ་འཚོགས་པ།

སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། སྦེལ་ཀོབ་ས་གནས་མདོ་སྨད་རྒྱུན་ལས་དང་ས་གནས་མདོ་སྨད་སྐྱིད་སྡུག་གཉིིས་ཀྱི་གོ་སྒྲིག་འོག བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། མདོ་སྨད་སྤྱི་འཐུས་ རྒྱ་རོང་ཟླ་བ་ཚེ་རིང་སྐུ་གཤེགས་དམ་པ་དེ་ཉིད་ཀྱི་ཆེད།  ས་གནས་མི་མང་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས། ཕྱི་ཟླ་༡༠་ཚེས་༢༥ཉིན་རྒྱབ་ཆུ་ཚོད་གཉིས་པར་སེར་བྱེས་བསམ་བློ་ཁམས་ཚན་དུ། མདོ་སྨད་ཀྱི་བླ་སྤྲུལ་ཁག་ཅིག་གིས་གཙོས་སེ་ར་བྱེས་སྨད་གཉིས་དང། རྣམ་གྲོལ་གླིང་གི་དགེ་འདུན་པ་དང་། ལུགས་བསམ་དང་བདེ་སླར་ཁྱབ་ཁོངས་མདོ་སྨད་མི་མང་བཅས་ཁྱོན་བསྡོམས་མི་གྲངས་ཉིས་བརྒྱ་ལྷག་འདུ་འཛོམས་ཐོག  ཐོག་མར་ས་རྒྱུན་ཚོགས་གཙོ་ཟུར་བ་དང། མདོ་སྨད་དབུས་རྒྱུན་བློ་བཟང་དཔལ་ལྡན་ལགས་ནས་ངོ་སྤྲོད་གསུང་བཤད་དང། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་མཆོག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་ལས་འགུལ་སྤེལ་ཐབས། བྱེས་འཁོད་བོད་མིའི་ལས་འགན་འཁྱེར་ཕྱོགས་སོགས་ཀྱི་ཐད་གསུང་བཤད་དང། དེ་ནས་ས་གནས་རྒྱུན་ལས་དངུལ་གཉེར་བློ་བཟང་དགེ་འདུན་ལགས་ནས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་དང་། དེའི་རྗེས་བསམ་དབུ་མཛད་བཟོད་པ་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དྲ་རྒྱ་ནང་བཀྲམས་པའི་ཞལ་འདོན་གྱི་རིམ་པ་གསུང་སྐུལ་བགྱིས་ཤིང། ས་གནས་མདོ་སྨད་སྐྱིད་སྡུག་ཚོགས་པས་ཆུ་དང་ཇ། དགོང་དྲོའི་བཞེས་ལག་དང་། དགེ་འདུན་རེའི་ཕྱག་ཏུ་ཧིན་སྒོར་ལྔ་བཅུ་བཅས་བསྙེན་བཀུར་ཐོག་སྨོན་ལམ་མཆོད་འབུལ་གནང་ཡོད།

Menu