སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ཞིག་ཨོ་སི་ཀྲོ་ལི་ཡར་ཕེབས་འབྱོར་ཟིན་ནས་བོད་དོན་ཞུ་གཏུགས་གནང་བཞིན་པའི་གནས་ཚུལ་དང་པོ།

ཕྱི་ལོ་༢༠༡༤  ཟླ་༨ ཚེས་༢༣  ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥།༠༥ ཐོག་སེཌ་ནི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་། དེར་ཨོ་སི་ཊི་ལི་ཡའི་སྐུ་ཚབ་དོན་གཅོད་དང་སྤྱི་འཐུས་སྒྲོལ་དཀར་སྐྱབས། ཨོ་གླིང་རྒྱལ་ཡོངས་བོད་རིགས་ཚོགས་པའི་ཚོགས་གཙོ་ནེ་རྒན། སེཌ་ནི་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཕུར་བུ་བཀྲ་ཤིས་བཅས་མི་གྲངས་ ༢༥ ཙམ་སྣེ་ལེན་དུ་འབྱོར་ཞིང་།

གནམ་ཐང་ནས་ཐད་ཀར་སློབ་གྲྭའི་ཚོགས་ཁང་དུ་སོང་ཞིང་ཆུ་ཚོད་༧ པའི་ཐོག་ཚོགས་ཁང་ནང་འབྱོར། བོད་རིགས་མི་གྲངས་༢༥༠ ལྷག་ཙམ་འདུ་འཛོམས་བྱས་པར་ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ནེ་རྒན་གྱིས་དཔལ་ལྡན་ཚོགས་གཙོས་དབུས་པའི་སྤྱི་འཐུས་རྣམ་པ་མི་མང་ལ་ངོ་སྤྲོད་གཏམ་བཤད་དང་། gyap1ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུར་བུ་བཀྲ་ཤིས་ཀྱི་ལོ་གཅིག་རིང་ལས་སྡོམ་སྙན་སྒྲོན་ཞུས། དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་མང་གཙོ་དང་། སྤྱི་ཚོགས་འཆམ་མཐུན། རྩ་དོན་སྒྲུབ་ཕྱོགས། ནང་ཁུལ་མཐུན་ལམ་གལ་ཆེ་སྐོར་དང་བོད་རིགས་ནང་ཁུལ་དཀྲུགས་མཁན་རིགས་ལ་གདོང་ལེན་དགོས་པ་བཅས་ལས་དྲངས་པའི་བཀའ་སློབ་ལམ་སྟོན་གནང་བ་དང་། དེ་རྗེས་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་དབུ་མའི་ལམ་དང་། སྤྱི་ཚོགས་འཆམ་མཐུན་སོགས་དང་། སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ལགས་ཀྱི་བོད་ནང་གི་ཛ་དྲག་གི་གནས་བབ་དང་། ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་སྐོར་སོགས། དེ་རྗེས་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་ཀྱིས་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་དོལ་རྒྱལ་བསྟན་གསོལ་བྱེད་མཁན་གྱིས་གནས་བབ་བཅས་ཀྱི་ཐོག་གཏམ་བཤད་བྱས།  དེ་ནས་མཚན་མོའི་ཆུ་ཚོད་ ༡༠།༣༠ ཙམ་གྱི་བར་མང་ཚོགས་དང་དྲི་བ་དྲི་ལན་གྱི་ལས་རིམ་འབྲེལ་ཚོགས་འདུ་མཇུག་བསྡོམས་གནང་། དེ་ནས་སིཌ་ནི་བོད་རིགས་མཐུན་ཚོགས་ནས་དགོང་དྲོའི་ཞལ་ལག་གནང་བ་དང་། དེར་ས་གནས་ཀྱི་གནས་བབ་དང་། བོད་རྒྱ་མཐུན་ལམ། ནང་ཁུལ་འཆམ་མཐུན་བཅས་ཀྱི་བསམ་ཚུལ་བརྗེ་རེས་གང་ལེགས་བྱུང་།

Menu