ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཕྱི་ལོ་༢༠༡༥ཟླ་༡༡ཚེས་༣༠ནས་ཟླ་༡༢ཚེས་༤བར་རྡ་ས་ཉེ་ཁུལ་ཏ་པོ་ཝན་གྲོས་་འབྲེལ། དེ་བཞིན་གང་ཚོགས་ཀྱི་ཚོགས་ཁང་དུ་ཚུགས་ཡོད་པ་རེད།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མངའ་སྡེའི་གཞུང་མང་ཡོངས་ལ་བཀའ་དྲིན་རྗེས་དྲན་དང་། མཐུནཧི་མ་ཅཅིའི་འབྲེལ་ལམ་ཆེད་གྲོས་ཚོགས་ལ་གསོལ་སྟོན་ཞིག་འབུལ་བཤོམས་ཞུ་རྒྱུའི་འབད་རྩོལ་སྔ་རྗེས་རིམ་ཞུས་ལྟར་ད་རེས་ཞལ་བཞེས་བྱུང་དོན་བཞིན་གོང་ཚེས་༤ཉིན་གྲོས་ཚོགས་ཀྱི་ཁོར་ཡུག་རང་དུ་ཉིན་དགུང་གསོལ་སྟོན་ཞིག་འབུལ་ལམ་ཞུ་ཐུབ་པ་བྱུང་ཡོད། གསོལ་སྟོན་དེར་རང་རེའི་ཕྱོགས་ནས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་ཕེབས་ཡོད་པ་དང་། ཚོགས་དྲུང་ལས་ཁུངས་ནས་ཚོགས་དྲུང་སོགས་ལས་བྱེད་འགའ་ཤས་ཞབས་ཞུར་བཅར་ཡོད་ཅིང་།ད་དུང་གསོལ་སྟོན་དེར་དཔའ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམས་པ་དང་། ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་བཅས་གདན་ཞུས་ལྟར་ཕེབས་བཅར་གནང་ཡོད་པ་རེད། གསོལ་སྟོན་སྐབས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་(Shri.BrijBiharilalButailji) མཆོག་གིས་དབུས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོགདེ་བཞིན་མངའ་སྡེའི་བློན་ཆེན་འགའ་ཤས། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོགསྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་འགའ་ཤས་བཅས་གསོལ་ཅོག་སྒོར་མོ་གཅིག་གི་སྟེང་གསོལ་ཚིགས་མཉམ་བཞེས་གྱིས་ཕན་ཚུན་མཛའ་འབྲེལ་དང་། གནས་དོན་གང་ཅིའི་ཐོག་བཀའ་མོལ་ལྷུག་པོ་གནང་ཞིང་། འཚམས་འདྲིའི་མཇལ་དར་དང་དྲན་རྟེན་ཕྱག་རྟགས་ཀྱང་ཕུལ་ཏེ་གསོལ་སྟོན་གྲོལ་མཚམས་གྲོས་ཚོགས་ཀྱི་ཕྱི་ལོགས་སུ་ཕན་ཚུན་གཉིས་ཀའི་མཛད་གཙོ་རྣམ་པ་མཉམ་བཞུགས་སྐུ་པར་སྒྲོན་གནང་ཡོད་པ་རེད་ལ། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གི་མཚན་ཐོག་ནས་སྤྱི་ལྷན་གྱིས་གསར་འགོད་གསལ་བསྒྲགས་ཐུང་ངུ་ཞིག་སྤེལ་ཏེ། དེའི་ནང་ལོ་ལྟར་དགུན་དུས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཐེངས་རེ་རྡ་སའི་ཉེ་ཁུལ་མངའ་སྡེའི་གྲོས་ཚོགས་ཚོགས་ཁང་དུ་ཚོག་གི་ཡོད་པ་ལྟར། དེ་ལྟའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱིར་རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཆགས་ཡུལ་། བོད་མི་འབོར་ཆེན་གནས་ཡུལ་བཅས་ཡིན་པའི་ཧི་མ་ཅལ་མངའ་སྡེ་གཞུང་མང་བཅས་ལ་བཀའ་དྲིན་རྗེས་དྲན་དང་། མཛའ་འབྲེལ་ཆེད་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པར་གསོལ་སྟོན་འཕུལ་ཐབས་ཞུས་པ་ལྟར་།ད་རེས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཞལ་བཞེས་བྱུང་བ་ལྟར་ཐུགས་དགྱེས་བརྩེའི་ངང་ང་ཚོས་སླར་ཡང་ཧི་མ་ཅལ་མངའ་སྡེའི་གཞུང་མང་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ་མུ་མཐུད་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བའི་རེ་བ་ཞུ་བཞིན་ཡོད་ཅེས་སོགས་འཁོད་ཡོད་པ་རེད། ལྷག་པར་ལོ་འདིར་བོད་མི་ཡོངས་ཀྱིས་གུས་ཤིང་བཀུར་བའི་རང་གི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས། ༨༠ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་དང་ཞུ་བཞིན་པའི་དུས་ཚིགས་ཁྱད་པར་ཅན་དུ་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པར་གསོལ་སྟོན་འཕུལ་།