སྤྱི་ལྷན་དུ་རྒྱ་གར་གྱི་Titan Companyཡི་འགན་འཛིན་ཕེབས་པ།

IMG_4740

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༦ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Prem Das Rai མཆོག་དང་འབྲེལ་ལམ་ཟབ་པོ་ཡོད་པའི་སྐུ་ཞབས་ Bhaskar Bhat (managing Director of Titan Company) ནས་ཡིན་པ་དང་། ཁོང་གི་བཟའ་ཟླ་ Vrunda Rao Bhaskar ལགས་རྣམ་པ་གཉིས་འདི་ག་སྤྱི་ལྷན་དུ་ཕེབས་ཏེ། དཔལ་ལྡན་ཚོགས་གཞོན་མཆོག་ལ་མཇལ་འཕྲད་གནང་ནས། ཁོང་གཉིས་ནས་བོད་མིའི་ལོ་རྒྱུས་དང་། སྤྱི་ནོར་༸གོང་ས་༸མཆོག་གི་མཛད་འཕྲིན། བོད་གཞིས་བྱེས་གཉིས་ཀྱི་གནས་བབ་སོགས་ཀྱི་སྐོར་ལ་བཀའ་དྲི་གནང་བར་ཚོགས་གཞོན་མཆོག་ནས་བཀའ་ལན་གསལ་བཤད་གནང་ཡོད། མཇུག་ཏུ་ཁོང་རྣམ་པ་གཉིས་གྲོས་ཚོགས་ཚོགས་ཁང་དུ་གཟིགས་སྐོར་སྣེ་ལེན་གནང་ནས་གྲོས་ཚོགས་ངོ་སྤྲོད་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་བཅས་ལ་གསལ་བཤད་གནང་ཡོད་པའི་གནས་ཚུལ་དུ།།

Menu