སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སོགས་ལ་འཚམས་གཟིགས་ཕེབས་གཏན་ཁེལ་བ།

 

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༡ ནས་ ༡༨ བར་ལྷོ་སྤྱི་ཁྱབ་ཁོངས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་དང་། དེ་བཞིན་ཅི་ན་ཡི་ (Chennai) དང་། པོན་ཌི་ཅ་རི་ (Pondicherry) བཅས་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༡༡ ཉིན་སོ་སོའི་བཞུགས་གནས་ནས་ཕེབས་ཐོན་གནང་སྟེ་རྒྱ་གར་ལྷོ་ཕྱོགས་ཅི་ན་ཡི་ལ་མཉམ་འཛོམས་གནང་རྒྱུ་དང་། ཕྱི་ཚེས་ ༡༢ ཉིན་སྔ་དྲོ་ས་གནས་སུ་ལས་རིམ། ཕྱི་དྲོ་པོན་ཌི་ཅ་རིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༣ ཉིན་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༤ ཉིན་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༥ ནས་ ༡༧ བར་གཞིས་ཆགས་དང་། ཁྱབ་ཁོངས་ས་གནས་ཁག་ལ་ལས་རིམ། ཕྱི་ཚེས་ ༡༨ ཉིན་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་སྦེང་ལོར་ནས་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་བཅས། །