སྤྱི་འཐུས་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་རྒྱ་གར་བྱང་ཤར་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༧ ནས་ཕྱི་ཟླ་ ༡༡ ཚེས་ ༡༡ བར་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་སྒང་ཏོག་དང་། ར་ཝང་ལ། ཀ་སྦུག་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་མཆོག་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོ་རྡ་ས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༨ ཉིན་སྒང་ཏོག་ཏུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༩ ཉིན་ལ་ཆེན་དང་ལ་ཆུང་སོགས་ལ་ཕེབས་གནང་རྒྱུ། ཕྱི་ཚེས་ ༣༡ ནས་ཕྱི་ཟླ་ ༡༡ ཚེས་ ༡ བར་སྒང་ཏོག་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢ ཉིན་ར་ཝང་ལར་ཕེབས་ཐོན་གྱིས་ཕྱི་ཚེས་ ༥ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༦ ཉིན་ཀ་སྦུག་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༨ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༩ ཉིན་ཨོཌ་ལ་བྷ་རི་སོགས་ལ་ལས་རིམ། ཕྱི་ཚེས་ ༡༠ ཉིན་ས་ལུ་སྒ་རར་ལས་རིམ། ཕྱི་ཚེས་ ༡༡ ཉིན་ལྡི་ལི་བརྒྱུད་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །