སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་་ཀོ་ཀྲེ་ཀ་ནལ་དང་། ཨུ་ཀྲི། ཀོ་ལེ་གྷལ་དོན་ལྡན་གླིང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

 

དེ་ཡང་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ས་གནས་ཕྱོགས་བགོས་ཀྱི་ལས་རིམ་ལྟར་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༥ ནས་ཟླ་ ༡༡ ཚེས་ ༡ བར་ཀོ་ཀྲེ་ཀ་ནལ་དང་། ཨུ་ཀྲི། ཀོ་ལེ་གྷལ་དོན་ལྡན་གླིང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ས་གནས་ཕྱོགས་བགོས་སྐབས་ཀོ་ཀྲེ་ཀ་ནལ་ས་གནས་སུ་བཀའ་མོལ་གནང་བཞིན་པ།སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ས་གནས་ཕྱོགས་བགོས་སྐབས་ཀོ་ཀྲེ་ཀ་ནལ་ས་གནས་སུ་བཀའ་མོལ་གནང་བཞིན་པ།སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ས་གནས་ཕྱོགས་བགོས་སྐབས་ཀོ་ལེ་གྷལ་དོན་ལྡན་གླིང་(s-village)ནང་བཀའ་མོལ་གནང་བཞིན་པ།སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ས་གནས་ཕྱོགས་བགོས་སྐབས་ཀོ་ལེ་གྷལ་དོན་ལྡན་གླིང་(s-village)ནང་བཀའ་མོལ་གནང་བཞིན་པ།

ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༥ ཉིན་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་རྡ་ས་ནས་ཕེབས་ཐོན་གནང་སྟེ་སྦེང་ལོར་དུ་འབྱོར་རྗེས་ལྷོ་སྤྱི་དང་མཇལ་འཕྲད་ཀྱིས་ས་བགོས་ས་གནས་ཁག་གི་གནས་སྟངས་ཐོག་ལ་བཀའ་མོལ་ཞུས་པ་དང། དེ་རྗེས་ཀོ་ཀྲེ་ནལ་ས་གནས་སུ་འབྱོར་སྐབས་ས་གནས་རྒྱུན་ལས་ཀྱི་སྣེ་ལེན་འོག་ཀོ་ཀྲེ་ནལ་རྒྱལ་སྤྱིའི་སློབ་གྲྭའི་ནང་གཟིགས་སྐོར་དང། ས་གནས་མང་ཚོགས་ལ་ ༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་མང་གཙོའི་འཕེལ་རིམ། ༢༽བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་དང་དེའི་གྲུབ་འབྲས། ༣༽བོད་ནང་དུ་རྒྱ་ནག་དམར་པོའི་སྲིད་གཞུང་གི་གཡོན་ཐལ་མཁྲེགས་འཛིན་གྱི་སྲིད་བྱུས་དང་བོད་ནང་གི་ཛ་དྲག་གི་གནས་སྟངས། ༤༽བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཞལ་ཆེམས་དང་བཙན་བྱོལ་བོད་མི་མི་རེ་ངོ་རེས་བོད་མི་རིགས་ཀྱི་འགན་འཁུར་སྟངས། ༥༽བོད་དོན་ཐོག་རྒྱལ་སྤྱིའི་གནས་བབ་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐོར། ༦༽དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་རྒྱབ་གཉེར་སྙན་ཐོ་དང་།   ༧༽སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ ༤ པའི་གྲོས་ཆོད་ཁག་བཅས་ཀྱི་བརྗོད་གཞིའི་ཐོག་ལ་གསུང་བཤད་གནང་བ་དང། དེ་བཞིན་ཨུ་ཀྲི་སུད་ཚོང་མང་ཚོགས་ལ་ཡང་གོང་འཁོད་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ས་གནས་ཕྱོགས་བགོས་སྐབས་ཀོ་ལེ་གྷལ་དོན་ལྡན་གླིང་(d-village)ནང་།སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ས་གནས་ཕྱོགས་བགོས་སྐབས་ཀོ་ལེ་གྷལ་དོན་ལྡན་གླིང་(d-village)ནང་།སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ས་གནས་ཕྱོགས་བགོས་སྐབས་ཀོ་ལེ་གྷལ་དོན་ལྡན་གླིང་(d-village)ལ་གསུང་བཤད་གནང་བཞིན་པ།སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ས་གནས་ཕྱོགས་བགོས་སྐབས་ཀོ་ལེ་གྷལ་དོན་ལྡན་གླིང་(d-village)ལ་གསུང་བཤད་གནང་བཞིན་པ།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དོན་ལྡན་གླིང་གཞིས་ཆགས་སུ་འབྱོར་རྗེས་ས་གནས་འགོ་འཛིན་གྱིས་ས་གནས་ནང་དངོས་སུ་འཕྲད་བཞིན་པའི་དཀའ་ངལ་ཁག་ངོ་སྤྲོད་རྗེས། གཞིས་མཉམ་གཉིས་ཀྱི་སྡེ་ཚན་དང་སྨན་ཁང་ཁག་གཉིས་བཅས་སུ་གཟིགས་སྐོར་གྱིས་གནས་སྟངས་རྒྱུས་ལོན་གནང་སྐབས་འཕྲུལ་རྨོ་སྡེ་ཚན་ཧ་ཅང་ཚགས་ཚུད་ཡོད་པ་མཉམ་འབྲེལ་གཞན་ལའང་དཔེ་སྟོན་གནང་འོས་སུ་གཟིགས།

དོན་ལྡན་གླིང་མི་མང་ཚོགས་ཁང་ཆེན་མོའི་ནང་ས་གནས་ཀྱི་གནད་ཡོད་མི་སྣ་ཚོའི་ལྷན་བཞུགས་མོལ་ཚོགས་འདུའི་སྐབས།དོན་ལྡན་གླིང་མི་མང་ཚོགས་ཁང་ཆེན་མོའི་ནང་ས་གནས་ཀྱི་གནད་ཡོད་མི་སྣ་ཚོའི་ལྷན་བཞུགས་མོལ་ཚོགས་འདུའི་སྐབས།དོན་ལྡན་གླིང་མི་མང་ཚོགས་ཁང་ཆེན་མོའི་ནང་ས་གནས་ཀྱི་གནད་ཡོད་མི་སྣ་ཚོའི་ལྷན་བཞུགས་མོལ་ཚོགས་འདུའི་སྐབས།དོན་ལྡན་གླིང་མི་མང་ཚོགས་ཁང་ཆེན་མོའི་ནང་ས་གནས་ཀྱི་གནད་ཡོད་མི་སྣ་ཚོའི་ལྷན་བཞུགས་མོལ་ཚོགས་འདུའི་སྐབས།

དོན་ལྡན་གླིང་གཞིས་ཆགས་སུ་གྲོང་སྡེ་ ༢༢ ཡོད་པ་ཕན་ཚུན་ཧ་ཅང་ཐག་རིང་ཡོད་སྟབས། སྡེ་ཚན་གསུམ་དུ་དབྱེ་ཡོད་ལྟར་སྡེ་ཚན་སོ་སོར་མང་ཚོགས་གང་མང་ལ་གོང་བཞིན་གསུང་བཤད་དང་། མང་ཚོགས་ནས་དྲི་བ་ཞུས་ཁག་ལ་ལན་འདེབས་གཙང་སེལ་གནང་བ་དང་ཆབས་ཅིག ཉམ་ཐག་རྟོག་ཞིབ་ཀྱིས་ས་གནས་མི་མང་ནས་བདེ་སྡུག་དཀའ་སེལ་ཞུས་རིགས་སྤྱི་དང་། ཁྱད་པར་དུ་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་རྩིས་བཞེས་དང་སློབ་གྲྭའི་ནང་མདུན་ལམ་སློབ་སྟོན་ཉུང་དྲགས་པ། སྔར་ཉམ་ཐག་ཡིན་ལ་རྗེས་སུ་ཕྱིར་བསྐྱོད་ཀྱིས་གནས་སྟངས་ཧ་ཅང་ཡག་པོ་ཆགས་ཁག་ལའང་འཚོ་སྣོན་དང་སློབ་ཡོན་རག་བཞིན་པའི་གནས་སྟངས་ལས་ཉམ་ཐག་བསྐྱར་ཞིབ་དོ་ནན་གནང་དགོས་སོགས་ཀྱི་འབོད་སྐུལ་ཞུ་རིགས་རྣམས་ལས་བསྡོམས་སྙན་ཐོའི་ནང་ཞིབ་འགོད་གནང་བ་མ་ཟད། ས་གནས་ཀྱི་འབྲེལ་ཡོད་འཐུས་མི་དང་། བརྒྱ་དཔོན་བཅས་ནས་འགན་གཙོབཞེས་ཀྱིས་ས་གནས་འགོ་འཛིན་གྱི་མཁྱེན་རྟོགས་ཡོད་པ་བཟོ་གལ་སོགས་ཚང་མས་འགན་མཉམ་ཁུར་གྱིས་ཉམ་ཐག་དངོས་འབྲེལ་ལ་རོགས་སྣོན་ཐོབ་ཐབས་འབད་བརྩོན་བྱ་དགོས་པའི་ལམ་སྟོན་ཡང་གནང་ཡོད།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་བོད་སློབ་འཛིན་ཚོགས་སློབ་གྲྭའི་ནང་གསུང་བཤད་གནང་བཞིན་པ།སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་བོད་སློབ་འཛིན་ཚོགས་སློབ་གྲྭའི་ནང་གསུང་བཤད་གནང་བཞིན་པ།སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་སྔོན་འགྲོའི་སློབ་གྲྭའི་ནང་།སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་སྔོན་འགྲོའི་སློབ་གྲྭའི་ནང་།

གཞིས་ཆགས་ནང་གི་བོད་སློབ་འཛིན་ཚོགས་སློབ་གྲྭ་དང་སྔོན་འགྲོའི་སློབ་གྲྭ་གསུམ་ལ་ཕེབས་ཏེ། ཐོག་མར་རང་རེའི་ན་གཞོན་རྣམས་བོད་མི་རིགས་ཀྱི་རེ་བ་བཞིན་གཟིགས་སྐྱོང་གནང་བར་སྤྱིར་རྒྱ་གར་གཞུང་དང། མི་མང། སྒོས་སུ་རྒྱ་གར་དགེ་རྒན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཚམས་སྦྱོར་གནང་རྗེས། དགེ་སློབ་རྣམས་ལ་གཏམ་བཤད་དང། དོགས་འདྲིར་ལན་འདེབས། དེ་བཞིན་སློབ་ཕྲུག་ཚོར་རང་རྐྱ་ཕེར་བའི་ཤེས་ཡོན་བརྒྱུད་ལ་འཇགས་པ་མ་ཟད། བཟང་སྤྱོད་ལྡན་པའི་བོད་མི་ཞིག་ཡོང་རྒྱུར་འབུངས་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་ལ། དོན་ལྡན་གླིང་མི་མང་ཚོགས་ཁང་ཆེན་མོའི་ནང་ས་གནས་ཀྱི་གནད་ཡོད་མི་སྣ་ཚོའི་ལྷན་བཞུགས་མོལ་ཚོགས་འདུའི་སྐབས་གཞིས་ཆགས་སྲ་བརྟན་ཡོང་བར་ཞིང་པ་ཚོའི་དངོས་ཡོད་དཀའ་ངལ་འཕྲད་བཞིན་ཁག་སྟེ། ས་ཁང་སྒྲིག་གཞི་དང་འབྲེལ་བའི་གནད་དོན། སྟོན་ཉེས་ཐོག་རོགས་སྐྱོར་གང་མགྱོགས་གནང་དགོས་ཀྱི་འབོད་བསྐུལ། དེ་བཞིན་ཉམ་ཐག་དང་འབྲེལ་བའི་སྐོར་སོགས་སུ་དྲི་བ་ཕེབས་ཁག་ལ་སྐབས་འཚམས་ལམ་སྟོན་ཞིབ་ཕྲ་དང་། གཞན་ཡང་སྤྱི་ཚོགས་ནང་ན་གཞོན་བར་ལྡིང་དང་ལས་མེད་རྣམས་ནི་སྤྱི་ཚོགས་ཀྱི་ཞན་ཆར་སོང། དོན་གླིང་གི་ན་གཞོན་བར་ལྡིང་དང་ལས་མེད་རྣམས་ངོ་ཐུག་གིས་ཁོང་ཚོའི་བདེ་སྡུག་གསན་བཞེས་གནང་ནས་ལམ་སྟོན་དང་། ན་གཞོན་རྣམས་འཕྲོ་བརླག་མི་འགྲོ་བ་དབུས་ས་གཉིས་ནས་གོ་སྐོན་སློབ་གསོ་དགོས་པ་ནན་བཤད་གནང་ཡོད་པ་བཅས། །

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་གཞོན་ནུ་ལས་མེད་རྣམ་པ་དང་བཀའ་མོལ་གནང་བཞིན་པ།སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་གཞོན་ནུ་ལས་མེད་རྣམ་པ་དང་བཀའ་མོལ་གནང་བཞིན་པ།སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་སློབ་གྲྭའི་དགེ་རྒན་རྣམ་པ།སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་སློབ་གྲྭའི་དགེ་རྒན་རྣམ་པ།

 

Menu