སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གནང་ཀྱི་ལས་རིམ་འགྲོ་བཞིན་པ།

རྒྱ་གར་རྒྱལ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ Mulayam Singh Yadav མཆོག་

༄༅། །དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྣེ་ཁྲིད་ཀྱིས་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་དང། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གསུམ་གྱི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གནང་རྒྱུའི་ལས་རིམ་འགྲོ་བཞིན་པར།
ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༡ ཉིན་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་རྒྱལ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ Mulayam Singh Yadav མཆོག་དང། BJP ཆབ་སྲིད་ཚོགས་པའི་འཐུས་མི་དང་བརྒྱུད་འཕྲིན་དོ་དམ་པ་གྲགས་ཅན་སྐུ་ཞབས་ Subhash Chandra མཆོག གཞན་ཡང་གྲོས་ཚོགས་འཐུས་མི་མང་དག་ཅིག་དང་མཇལ་འཕྲད་ཞུས་ཡོད་འདུག། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་རྒྱལ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ Mulayam Singh Yadav མཆོག་དང་མཇལ་འཕྲད་གནང་སྐབས། ཁོ་བོས་ད་བར་བོད་དོན་ལ་གདུང་སེམས་མཉམ་སྐྱེད་དང། གྲོས་ཚོགས་ནམ་ཚོགས་ལ་བོད་དོན་ཐོག་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

BJP ཆབ་སྲིད་ཚོགས་པའི་འཐུས་མི་དང་བརྒྱུད་འཕྲིན་དོ་དམ་པ་གྲགས་ཅན་སྐུ་ཞབས་ Subhash Chandra མཆོག

སྤྱི་ལྷན་སྐུ་ཚབ་རྣམ་པས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་ཁུར་གཙོ་གནད་པ་དང་ BJP ཆབ་སྲིད་ཚོགས་པའི་དབུ་ཁྲིད་བགྲེས་པ་སྐུ་ཞབས་ Shanta Kumar མཆོག་དང། སྐུ་ཞབས་ Bhagat Singh Koshyari མཆོག་རྣམ་གཉིས་ལ་མཇལ་འཕྲད་ཀྱིས་མཚོན་རིང་མིན་ཚོགས་ལ་ཉེ་བའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྟ་གོན་འོག་གྲབས་སྐོར་ལ་གོ་བསྡུར་ལྷུག་པོ་ཡང་གནང་ཡོད་འདུག
Indian National Congress ཆབ་སྲིད་ཚོགས་པའི་ཚོགས་མི་སྐུ་ཞབས་ Moti Lal Vora མཆོག་དང། རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་རྩོད་པ་བགྲེས་པ་སྐུ་ཞབས་ K.T.S. Tulsi མཆོག སྐུ་ཞབས་ Vivek K Tankha མཆོག གཞན་ཡང་ TDP ཆབ་སྲིད་ཚོགས་པའི་ཚོགས་མི་ Narasimham Thota མཆོག་བཅས་ མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། སྤྱི་ཡོངས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཐབས་ལ་རེ་བསྐུལ་ནན་པོ་ཞུས་བཞིན་ཡོད་འདུག

Indian National Congress ཆབ་སྲིད་ཚོགས་པའི་ཚོགས་མི་སྐུ་ཞབས་ Moti Lal Vora མཆོག

ད་བར་ཁྱོན་ཉིན་གྲངས་བཞིའི་རིང་ཞུ་གཏུགས་དང་མཇལ་འཕྲད་ཀྱི་ལས་རིམ་ནང་། རྒྱ་གར་གྲོས་ཚོགས་འཐུས་མི་ ༣༥ ལྷག་ཙམ་དང་མཇལ་འཕྲད་ཀྱིས། ཁོང་རྣམས་པས་བོད་དོན་ཐོག་རྒྱབ་སྐྱོར་དང་། བོད་ཀྱི་གནད་དོན་སྐོར་གྲོས་ཚོགས་ནང་དང་། ཆབ་སྲིད་ཚོགས་པ་ཁག་གི་ཚོགས་འདུ་མང་དག་ཞིག་ལ་བགྲོ་གླེང་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་འདུག

རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་རྩོད་པ་བགྲེས་པ་སྐུ་ཞབས་ K.T.S. Tulsi མཆོག

དེ་མིན་བླ་མ་བ་ཀཱུ་ལ་ཐེབས་རྩ་ (Kushok Bakula Trust) ནས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ལ། རྒྱ་གར་གྱི་གནད་ཡོད་སྐུ་ཚབ་དང་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་བླ་མ་བ་ཀཱུ་ལ་རིན་པོ་ཆེའི་ལོ་བརྒྱ་འཁོར་བའི་དུས་དྲན་དུ་སྐུ་པར་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོར་གདན་ཞུས་ལྟར། Indira Gandhi National Memorial Arts and Cultural Center དུ་ཆེད་ཕེབས་གནང་ཡོད་པའི་གནས་ཚུལ་སྙིང་བསྡུས་སུ།

TDP ཆབ་སྲིད་ཚོགས་པའི་ཚོགས་མི་ Narasimham Thota མཆོག
Menu