སྤྱི་འཐུས་རྣམ་པས་ཕྱི་རྒྱལ་གཞུང་ཚབ་སོགས་ལ་མཇལ་འཕྲད་གནང་བའི་ཁ་སྐོང་གནས་ཚུལ།

༄༅། །སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་ཟླ་བ་ཕུན་སྐྱིད། སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་བཅས་ལྡི་ལི་ཕྱི་རྒྱལ་གཞུང་ཚབ་ཁག་སོགས་ལ་ཐུག་འཕྲད་བྱས་པའི་སྐོར་དུམ་བུ་གཉིས་པ།

  • ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་ཡུ་རོབ་མཉམ་འབྲེལ་གྱི་གཞུང་ཚབ་གཞོན་པ་དང། ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་གཉིས་དང་ཐུག་འཕྲད།
  • Minister – Counsellor  Deputy Head of Delegation ( H.E. Pavel SVITIL) and Political Affair (Anne VAUGIER-CHATTERJEE)
  • ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་ཨ་རིའི་གཞུང་ཚབ་ཀྱི་ཆབ་སྲིད་དྲུང་ཆེ་དང་པོ་དང། ཆབ་སྲིད་སྡེ་ཚན་གྱི་འགན་འཛིན། ཆབ་སྲིད་མཁས་དབང་བཅས་གསུམ་དང་ཐུག་འཕྲད།
  • First Secretary (Stacy L. Pearce), Political Officer (Isabelle Chan) and Plitical Speilist (Shrineeen Singh)
  • ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་སོག་པོའི་གཞུང་ཚབ་གཞོན་པ་དང་ཐུག་འཕྲད།
  • Deputy Head of Mission (Mr. Bayaraa)
  • ཕྱི་ཟླ་༡༠ ཚེས་ ༡༩ ཉིན་ཌག་མག་གི་གཞུང་ཚབ་མཆོག་དང། ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་གཉིས་དང་ཐུག་འཕྲད།
  • Ambassador  (Freddy Svane)

སྤྱི་འཐུས་ཟླ་བ་ཕུན་སྐྱིད་དང། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་བཅས་ལྡི་ལི་ཕྱི་རྒྱལ་གཞུང་ཚབ་ཁག་སོགས་ལ་ཐུག་འཕྲད་བྱས་པ།

  • ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་ཧོ་ལི་སིའི་(ཝེ་ཊན་ཀན་སི་ཊི)གཞུང་ཚབ་གཞོན་པ་དང་ཐུག་འཕྲད། The Apostolic Nunciature in India
  • Counsellor (Msgr.Gianfranco Gallone)
  • གོང་གསལ་སྤྱི་འཐུས་རྣམས་ཀྱི་ལྷན་དོན་གཅོད་བསྟན་པ་ཚེ་རིང་དང་བཅས་ཀར་ཛ་ཀི་སི་ཐན་གྱི་གཞུང་ཚབ་དང་ཐུག་འཕྲད། Kyrgyz Republic
  • Ambassador  (Irin A. Orolbaeva)
  • ཕི་ལནཌའི་གཞུང་ཚབ་གཞོན་པ་མཆོག་དང། འཛུགས་སྐྲུན་སྡེ་ཚན་གྱི་འགན་འཛིན་གཉིས་དང་ཐུག་འཕྲད།
  • Deputy Head of Mission (PEKKA VOUTILAINEN)
  • ནོར་ཝེའི་གཞུང་ཚབ་མཆོག་དང། ཆབ་སྲིད་དྲུང་ཆེ་གཉིས་དང་ཐུག་འཕྲད།
  • Ambassador  (ANN OLLESTAD)

ཚོགས་གཙོ་སྤེན་པ་ཚེ་རིང་སོགས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མི་སོགས་ལ་མཇལ་འཕྲད།

  • ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང། ཀོང་རེ་སི་ཚོགས་པའི་མགྲིན་ཚབ་པ་སཏྱ་ཝརྟ་ ཅཏུརཝེཌི་མཆོག་དང་ཐུག་འཕྲད།
  • Satyavarth Chathurvedi- Congress MP, Rajya Sabha.
  • ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང། ཇན་ཏ་ཌལ་ཡུ་ནའི་ཊེཌའི་ཚོགས་གཙོ་ཤ་ར་ད་ཡ་ཌབ་མཆོག་དང་ཐུག་འཕྲད།
  • Sharad Yadav- Janta Dal United President.
  • རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང། རཤྚི་ཡ་ཇན་ཏ་ཌལ་གྱི་འགན་འཛིན་གཞོན་པ་ཌོག་ཊར་ར་གུ་ཝན་ཤ་པྲ་ཤཌ་སིངྒ་མཆོག་དང་མཇལ་འཕྲད།
  • Dr. Raguvansh Prasad Singh-Rashtriya Janata Dal.

༄༅། །སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང། སྤྱི་འཐུས་ཀརྨ་ཆོས་འཕེལ། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་བཅས་ཕྱི་རྒྱལ་གཞུང་ཚབ་ཁག་སོགས་ལ་ཐུག་འཕྲད་བྱས་པའི་སྐོར།

  • ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་ཐའེ་ཝན་དཔལ་འབྱོར་དང་རིག་གཞུང་ལྟེ་གནས་ཁང་གི་སྐུ་ཚབ་མཆོག་དང་ཕྱག་རོགས་གཉིས་དང་ཐུག་འཕྲད།
  • Representative ( Mr.Wenchyi Ong) and Senior Asst. Director (Yen Yuan Chen)
  • སུ་ལོ་ཝ་ཀི་ཡའི་གཞུང་ཚབ་མཆོག་དང་ཐུག་འཕྲད།
  • Ambassador ( Mr.Marian Tomasik)
  • ཕ་རན་སིའི་ཕྱི་དྲིལ་འབྲེལ་མཐུད་དྲུང་ཆེ་ཨང་གཉིས་པ་མཆོག་དང་ཐུག་འཕྲད།
  • Second Counsellor (Foreign policy) (Marian Tomasik)
  • ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་ཉི་ཧོང་གཞུང་ཚབ་ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་མཆོག་དང་ཐུག་འཕྲད།
  • Minister  Counsellor  (Political)(Mr.Takeshi Osuga)
  • ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་དབྱིན་ལན་གཞུང་ཚབ་གཞོན་པ་དང་ཐུག་འཕྲད།
  • Deputy High Commissioner ( Mr. Julian Evans )
  • ཁེ་ཎ་ཌའི་གཞུང་ཚབ་གཞོན་པ་དང་ཐུག་འཕྲད།
  • Deputy High Commissioner ( Mr. Jim Nickel )
  • སུད་སིའི་གཞུང་ཚབ་མཆོག་དང་ཐུག་འཕྲད།
  • Ambassador ( H.E.Philippe Welti )
  • སྤྱི་འཐུས་སྒྲོལ་མ་ཚེ་རིང་དང། སྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་གཉིས་ནས་ཕྱི་ཚེས་ ༡༨ ཉིན་ཧིན་དྷུའི་ཆོས་དཔོན་སོ་མི་ཨག་ནི་ཝེཤ་མཆོག་(Swami Agnivesh)དང་མཇལ་འཕྲད་ཞུས།

གོང་གསལ་གཞུང་ཚབ་ཁག་དང་ཐུག་འཕྲད་གོ་སྒྲིག་དང་ལས་དོན་མཐུན་འགྱུར་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གཙོས་པའི་འབྲེལ་ཡོད་ལས་སྣེ་ཁག་ནས་གནང་བ་དང། རྒྱ་གར་གྲོས་ཚོགས་འཐུས་མི་དང་གལ་ཆེའི་མི་སྣ་ཁག་ལ་ཐུག་འཕྲད་ཀྱི་གོ་སྒྲིག་སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་དང། ཡེ་ཤེས་སྒྲོལ་མ། བསོད་ནམས་རྒྱལ་མཚན་བཅས་ནས་གནང། ཆོས་ལུགས་ཁག་གི་མི་སྣ་རྣམས་ལ་གོ་སྒྲིག་མཐུན་འགྱུར་འཕགས་བོད་འབྲེལ་མཐུད་ལས་ཁང་ནས་གནང་བ་བཅས་རེད།