༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༣ པའི་ཚེས་ ༣ དང་། ༤ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་སྒར་ཆགས་ནས་ལོ་ངོ་ ༦༠ འཁོར་བའི་དུས་སྟོན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་མཆོག་ཕྱི་ཟླ་ ༣ པའི་ཚེས་ ༢ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ལྡི་ལི་བརྒྱུད་ཨུ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༣ ནས་ ༤ བར་ས་གནས་མཛད་འཆར། ཕྱི་ཚེས་ ༥ ཉིན་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།