ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༩ ཉིན་གཏོང་ལེན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ ༡༢ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་གཏོང་ལེན་སློབ་གྲྭར་ཚོགས་ཡོད་པ་དང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་དུ་གཞུང་འབྲེལ་གྱི་སྐུ་མགྲོན་དུ་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་དང་། གཞན་ཡང་གཏོང་ལེན་སློབ་གྲྭའི་སྦྱིན་བདག་གཙོ་བོ་ཁག་བཅས་ཕེབས་ཡོད་པ་རེད། སློབ་ཕྲུག་ཚོས་རི་མོ་སྣ་ཚོགས་བྲིས་ཡོད་པ་རྣམས་ལ་སྐུ་མགྲོན་རྣམས་ལ་གཟིགས་འབུལ་ཞུས་འདུག་ཅིང་། དེ་རྗེས་སློབ་ཕྲུག་ཚོས་རྒྱ་གར་གྱི་གཞས་ནའི་རིགས་མང་པོ་འཁྲབ་སྟོན་ཞུས་གནང་ཡོད། མཛད་སྒོའི་མཇུག་ཏུ་གཏོང་ལེན་སློབ་གྲྭའི་འགན་འཛིན་མཆོག་ནས་སྔ་ཕྱི་བར་གསུམ་གྱི་སློབ་གྲྭ་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་ཀྱང་གནང་། ད་ལྟའི་ཆར་གཏོང་ལེན་སློབ་གྲྭར་སློབ་སྦྱོང་གནང་བཞིན་པའི་སློབ་ཕྲུག་གྲངས་ ༡༦༠ ཙམ་ཡོད་པ་རེད།