སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་མི་འཕོ་ལེན།

བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་སྤྱི་འཐུས་རྒྱུན་ལས་ནས་འཕོས་པར་ བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡ ནས་རྒྱུན་ལས་ཚོགས་མིར་ཕེབས་ཞུགས་གནང་རྒྱུ་ཡིན་པ་རེད།
སྤྱི་འཐུས་རྒྱུན་ ལས་ནི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་། དེ་མིན་སྤྱི་འཐུས་གྲངས་ ༩ བཅས་ལས་གྲུབ་པའི་ཁྲིམས་སྒྲིག་ནང་གསལ་གྱི་ཚོགས་ཆུང་ཞིག་ཡིན། མི་འགྲོའི་ཡོང་ཁུངས་ཐད་ཆོས་བརྒྱུད་རེ་ནས་སྤྱི་འཐུས་གཅིག་རེ་དང་། ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་བཅས་ཡིན་ཞིང་། ཚོགས་གཙོ་སྦྲེལ་པོ་ཆོས་བརྒྱུད་དང་། ཆོལ་ཁ་གང་ནས་ཡིན་ཀྱང་ཆོས་བརྒྱུད་དམ་ཆོལ་ཁ་དེའི་རྒྱུན་ལས་གཅིག་འཐུས་སུ་གནང་ གི་ཡོད།
སྤྱི་འཐུས་རྒྱུན་ལས་ནས་ཆབ་སྲིད་འཕོ་འགྱུར་དང་སྔོན་རྩིས་ ཀྱིས་མཚོན་བཅའ་ཁྲིམས་དང་གྲོས་ཆོད་ཁག་ནང་རྒྱུན་ལས་ནས་ཐག་གཅོད་མི་ཆོག་པ་ཁག་ ཕུད། སྤྱིར་བཏང་སྤྱི་འཐུས་རྒྱུན་ལས་དང་འབྲེལ་བའི་ཕྱག་ལས་གནང་སྒོ་བཅའ་ཁྲིམས་དང་ སྒྲིག་གཞི་གཞིར་བཟུང་གནང་རྒྱུའི་འགན་དབང་ཡོད་པ་ཞིག་ཡིན་པ་བཅས།             ཚོགས་དྲུང་ལས་ཁུང་ནས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༢ ཚེས་ ༣༡ ལ།།

Menu