སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

སྤྱི་འཐུས་ཟླ་བ་ཚེ་རིང་མཆོག སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༥ ནས་ཕྱི་ཟླ་ ༡༢ ཚེས་ ༡༡ བར་ཉིན་གྲངས་ ༡༧ ཙམ་རིང་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་དང་། སུད་ཚོང་ས་གནས་ཁག་ཅིག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་གཉིས་ཕྱི་ཚེས་ ༢༥ ཉིན་རྡ་ས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་ལྡི་ལི་ནས་བྷུབ་ནེཤ་ཝར་ (Bhubaneswar) ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༧ ཉིན་སྔ་དྲོ་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༨ ནས་ཕྱི་ཟླ་ ༡༢ ཚེས་ ༩ བར་ཨོ་རི་ས་གཞིས་ཆགས་དང་། སུད་ཚོང་ས་གནས་ཀ་ཊག་ (Cuttak) དང་། བྷེ་ལ་སོར། (Balasore) ཀྲ་ཀྲ་ནཱ་གར།(Tatanagar) པུ་རུ་ལི་ཡ།(Purulia) ཨ་སན་སོལ།(Asansol) དྷན་བྷཌ།(Dhanbad) རན་ཅི།(Ranchi) པཊ་ན།(Patna) གྷ་ཡ།(Gaya) གནས་མཆོག་རྡོར་གདན། ཝ་ར་ཎ་སི།(Varanasi) གྷོ་རག་པུར།(Gorakhpur) ལཀ་ནའོ།(Lucknow) ཨེ་ལ་བྷཊ། (Allahabad) བཅས་སུ་ལས་རིམ། ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །