སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༧ ཟླ་ ༥ པའི་ཚེས་ ༡༨ ནས་ ༡༩ བར་ཌལ་ཧོར་ཕུན་ཚོགས་གླིང་དང་། ཚེས་ ༢༢ ནས་ ༣༡ བར་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་ས་གནས་ཁག་བཅས་ཀྱི་བོད་མིའི་སྡོད་སྒར་ཁག་ལ་གཟིགས་བསྐོར་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་འདི་ཟླའི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་དྲོ་ཌལ་ཧོར་ཕུན་ཚོགས་གླིང་ལ་འབྱོར་འཕྲལ་ས་གནས་འགོ་འཛིན་དང་འབྲེལ་ལས་ཁག་གིས་སྣེ་ལེན་དང་སྦྲགས། ཕྱི་ཚེས་ ༡༨ ནས་ ༡༩ བར་ས་གནས་སུ་ལས་རིམ་དང་། ཕྱི་ཚེས་ ༡༩ ཉིན་རྒྱབ་ཌལ་ཧོར་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེེས་ ༢༢ ནས་ ༣༡ བར་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་དང་། རྡ་ཤོད་སློབ་གྲྭ། དཔེ་སྟོན་སློབ་གྲྭ་དང་དེའི་ཉེ་ཁུལ། ནོར་གླིང་། སྒྲོལ་མ་གླིང་། ཤེས་རབ་དགའ་ཚལ་སློབ་གླིང་ཉེ་ཁུལ་སོགས་དང། ས་རཱ་མཐོ་སློབ། གྷོ་སྤལ་པུར་སློབ་གྲྭ། ཅ་མུན་ཊ། ཏེ་ལོག་སྤུར་བཅས་སུ་ཉིན་རེའི་ལས་རིམ་བཟོ་བཀོད་ཡོད་པ་ལྟར་གཞུང་འབྲེལ་གཟིགས་བསྐོར་ཕེབས་རྒྱུ་ཡིན་པའི་གནས་ཚུལ་དུ། །