སྤྱི་འཐུས་ཚོགས་གཞོན་མཆོག་ྋསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དུ་གཞུང་འབྲེལ་ཕྱོགས་ཕེབས།

༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྔ་འགྱུར་རྙིང་མའི་དབུ་འཛིན་ྋསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དུ་བལ་ཡུལ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

 

ྋསྐྱབས་རྗེ་ཞིང་གཤེགས་དམ་པའི་དགོན་པའི་འདུས་མང་སྤྱི་དང༌། སློབ་མ། ལས་སྣེ་སྐུ་བཅར་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡིད་གདུང་དྲག་པོས་ཐུགས་གསོའི་འཚམས་ཞུ་དང༌། མགོན་པོ་གང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཤིང༌། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པར་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་སླད་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༠ ཉིན་རྡ་ས་ནས་ཕེབས་ཐོན་གནང་ཡོད་པ་དང་། མཆོད་འབུལ་གྲུབ་བསྟུན་ཕྱི་ཚེས་ ༡༥ ཉིན་རྡ་སར་ཕེབས་འབྱོར་གནང་འཆར་ཡོད་འདུག།