སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་དང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སོགས་ལ་འཚམས་གཟིགས་ཕེབས་གཏན་ཁེལ་བ།

༄༅། ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༠ ནས་ ༢༥ བར་རྒྱ་གར་ལྷོ་ཕྱོགས་མེང་ལོར་དང་། སྦེལ་ཀོབ་ལུགས་བསམ་གཞིས་ཆགས། མའེ་སོར། སྦེང་ལོར་བཅས་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་རྒྱལ་ས་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་མེང་ལོར་ལ་ཕེབས་ཐོན་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་སྦེལ་ཀོབ་གཞིས་ཆགས་ནས་མེང་ལོར་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༣ ནས་ ༡༤ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༥ ནས་ ༡༧ བར་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༡༨ ཉིན་མའེ་སོར་དུ་ལས་རིམ། ཕྱི་ཚེས་ ༡༩ ནས་ ༢༡ བར་སྦེང་ལོར་དུ་ལས་རིམ། ཕྱི་ཚེས་ ༢༢ ཉིན་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་སྦེང་ལོར་ནས་བཞུགས་གནས་སྦེལ་ཀོབ་ལ་ཕྱིར་ཕེབས་གནང་རྒྱུ་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་སྦེང་ལོར་ནས་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༤ ཉིན་ལྡི་ལི་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །

Menu