སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་དང་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༠ ནས་ཕྱི་ཟླ་ ༡༡ ཚེས་ ༣ བར་ཉིན་གྲངས་ ༡༥ ཙམ་རིང་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་དང་ཁྱབ་ཁོངས་ས་གནས། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས། ཀ་སྦུག་དང་ཁྱབ་ཁོངས་ས་གནས་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་མཆོག་ཕྱི་ཚེས་ ༢༠ ཉིན་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ལ་ཕེབས་ཐོན་གནང་རྒྱུ་དང་།  ཕྱི་ཚེས་ ༢༡ ཉིན་སྦེང་ལོར་ནས་བྷག་ཌོ་ར་ (Bagdora) བརྒྱུད་སྒང་ཏོག་ཏུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༢ ནས་ ༢༥ བར་ཉིན་བཞིའི་རིང་སྒང་ཏོག་ཁུལ་དང་ཁྱབ་ཁོངས་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༦ ནས་ ༢༨ བར་ཉིན་གསུམ་རིང་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༢༩ ནས་ཕྱི་ཟླ་ ༡༡ ཚེས་ ༡ བར་ཉིན་བཞིའི་རིང་ཀ་སྦུག་ཁུལ་དང་ཁྱབ་ཁོངས་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢ ཉིན་བྷག་ཌོ་ར་ནས་སྦེང་ལོར་ལ་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༣ ཉིན་བཞུགས་གནས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །