སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༤ ནས་ཟླ་ ༡༢ པའི་ཚེས་ ༨ བར་རྒྱ་གར་བྱང་ཤར་གྷོ་ཝ་ཧ་ཀྲི་དང་། ཤིས་ལོངས། བསྟན་འཛིན་སྒང་། འབུམ་སྡེ་ལ། རྟ་དབང་། དྷི་རང་། ཀོ་ཧི་མ། དྷི་མ་པུར་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༢༤ ཉིན་སོ་སོའི་བཞུགས་གནས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་ལྡི་ལི་ནས་གྷོ་ཝ་ཧ་ཀྲིར་ཕེབས་ཐོན་གྱིས་ས་གནས་སུ་ལས་རིམ།  ཕྱི་ཚེས་ ༢༧ ནས་ ༢༨ བར་ཤིས་ལོངས་སུ་ལས་རིམ། ཕྱི་ཚེས་ ༣༠ ཉིན་བསྟན་འཛིན་སྒང་གཞིས་ཆགས་སུ་ལས་རིམ་དང་། ཉིན་རྒྱབ་འབུམ་སྡེ་ལར་ཕེབས་ཐོན་གྱིས་ས་གནས་སུ་ལས་རིམ། ཕྱི་ཟླ་ ༡༢ པའི་ཚེས་ ༢ ནས་ ༣ བར་རྟ་དབང་ཁུལ་དུ་ལས་རིམ། ཕྱི་ཚེས་ ༤ ཉིན་དྷི་རང་ཁུལ་ལ་ལས་རིམ། ཕྱི་ཚེས་ ༦ ཉིན་དྷི་མ་པུར་ལ་ལས་རིམ། ཕྱི་ཚེས་ ༧ ཉིན་ཀོ་ཧི་མར་ལས་རིམ། ཕྱི་ཚེས་ ༨ ཉིན་དྷི་མ་པུར་ནས་ལྡི་ལི་བརྒྱུད་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །