༄༅། ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༦ ནས་ ༢༧ བར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་དང་ཁྱབ་ཁོངས་ས་གནས་ཁ་ར་པ་ཐར་དང་། ནར་ཀན་ཌ། དེ་བཞིན་ཌོ་ལན་ཇི་བོན་གཞིས་དང་། སྤོན་ཊ་ཆོལ་གསུམ། ཧར་པ་སྤུར། སེ་ལ་ཀུའེ། ས་ཊོན་ཁམས་ཀཿ ཐོག ཀུམ་རའོ། སྤུར་ཝ་ལ་ས་སྐྱ་གཞིས་ཆགས། ཨམ་བྷ་ལ། (Ambala) བཅས་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༡༦ ཉིན་སིམ་ལར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༧ ནས་ ༡༨ བར་ཉིན་གཉིས་རིང་སིམ་ལ་ཁྱབ་ཁོངས་སུ་ལས་རིམ། ཕྱི་ཚེས་ ༡༩ ཉིན་ཌོ་ལན་ཇི་བོན་གཞིས་སུ་ལས་རིམ། ཕྱི་ཚེས་ ༢༠ ཉིན་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༢༡ ཉིན་ཧར་པ་སྤུར་དང་། སེ་ལ་ཀུའེ་བཅས་ལ་ལས་རིམ། ཕྱི་ཚེས་ ༢༢ ཉིན་ས་ཊོན་ཁམས་ཀཿ ཐོག་ཏུ་ལས་རིམ། ཕྱི་ཚེས་ ༢༣ ཉིན་ཀུམ་རའོ་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༢༤ ཉིན་སྤུར་ཝ་ལ་ས་སྐྱ་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༢༥ ཉིན་ཨམ་བྷ་ལ་ས་གནས་སུ་འཚམས་གཟིགས་དང་འབྲེལ་ཉེ་ཆར་མེ་སྐྱོན་ཤོར་སར་གཟིགས་ཞིབ་གནང་རྒྱུ། ཕྱི་ཚེས་ ༢༧ ཉིན་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །