སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག                སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༡༨ ནས་ཕྱི་ཟླ་ ༡༡ ཚེས་ ༤ བར་རྒྱ་གར་བྱང་ཤར་ནུབ་བྷང་གྷལ་མངའ་སྡེའི་ས་གནས་ཀོལ་ཀ་ཏ་དང་། ཀ་སྦུག ཨེན་ཇི་པེ། སི་ལི་གུ་རི། འཇལ་ཡེ་གྷའོང་། ཨོ་ལ་བྷ་རེ་བཅས་དང་།  འབྲས་ལྗོངས་མངའ་སྡེའི་ས་གནས་སྒང་ཏོག་དང་། ར་ཝང་ལ། ལ་ཆེན། ལ་ཆུང་བཅས་ཀྱི་བོད་མིའི་གནས་སྡོད་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་གྱི་ཕྱི་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༠ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་སི་ལི་གུ་རིར་ཕེབས་ཐོན་གནང་རྒྱུ། དེ་ཉིན་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་ Dhanbad  ནས་སི་ལི་གུ་རིར་ཕེབས་ཐོན་གནང་སྟེ་སྤྱི་འཐུས་རྣམ་པ་གཉིས་མཉམ་འཛོམས་བྱུང་རྗེས།  ཕྱི་ཚེས་ ༢༡ ཉིན་ཀ་སྦུག་ལ་ཕེབས་ཐོན་གྱིས་ས་གནས་སུ་ལས་རིམ།  དེ་བཞིན་ཕྱི་ཚེས་ ༢༤ ནས་ཕྱི་ཟླ་ ༡༡ ཚེས་ ༣ བར་གོང་འཁོད་ས་གནས་གཞན་རྣམས་ལ་མུ་མཐུད་ལས་རིམ་དང་། ཕྱི་ཚེས་ ༤ ཉིན་སྤྱི་འཐུས་རྣམ་པ་གཉིས་སོ་སོའི་བཞུགས་གནས་སུ་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།

Menu