སྤྱི་འཐུས་བློ་བཟང་གྲགས་པ་མཆོག་དང་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་རྣམ་གཉིས་ལྡི་ལིར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

སྤྱི་འཐུས་བློ་བཟང་གྲགས་པ་མཆོག སྤྱི་འཐུས་ཀརྨ་དགེ་ལེགས་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་བློ་བཟང་གྲགས་པ་མཆོག་དང་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༥ ནས་ ༨ བར་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་དེའི་ཁྱབ་ཁོངས་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་བློ་བཟང་གྲགས་པ་མཆོག་བཞུགས་སྒར་རྡ་ས་དང་། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་བཅས་སོ་སོའི་བཞུགས་གནས་ནས་ཕྱི་ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་།  ཕྱི་ཚེས་ ༥ ནས་ ༨ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༩ ཉིན་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །