སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་རྒྱ་གར་བྱང་ཕྱོགས་བོད་མིའི་སུད་ཚོང་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།

སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༥ ནས་ཚེས་ ༢༣ བར་རྒྱ་གར་བྱང་ཕྱོགས་པཎ་ཇབ་དང་ཧར་ཡ་ན་མངའ་སྡེའི་ནང་གི་བོད་མིའི་སུད་ཚོང་ས་གནས་ཅན་རྡི་སྒར་ (chandigarh) དང་། མོ་ཧ་ལི། (Mohali) ཨམ་བྷ་ལ། (Ambala) པ་ཊི་ཡ་ལ། (Patiala)  ལུ་རྡི་ཡ་ན། (Ludhiana) ཇ་ལན་རྡར་ (Jalandhar) བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད།

དེ་ཡང་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་ཕྱི་ཚེས་ ༡༥ ཉིན་སེ་ལ་ཀུ་ནས་ཅན་རྡི་སྒར་ལ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༦ ཉིན་ས་གནས་སུ་ལས་རིམ་འགོ་བཙུགས་གནང་ཡོད་པ་དང་། ཕྱི་ཚེས་ ༡༨ ནས་ ༢༢ བར་རིམ་བཞིན་གོང་འཁོད་ས་གནས་གཞན་ཁག་ལ་ལས་རིམ་ཡོད་པ་བཅས། །

Menu