
༄༅། །ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༨ ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་རྣམ་གཉིས་ནས་རྒྱ་གར་བྱར་ཤར་ཀ་སྦུག་ས་འགོའི་ཁྱབ་ཁོངས་ས་ལུ་སྒ་ར་མ་དགོན་གསང་ཆེན་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་། ལྕགས་པོ་རི་སྨན་རྩིས་ཁང་བཅས་སུ་འཚམས་གཟིགས་དང་། དེ་བཞིན་ས་ལུ་སྒར་ཆོལ་གསུམ་བོད་མིའི་ཚོགས་ཁང་གསར་པའི་ནང་མི་མང་ཚོགས་འདུའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མི་མང་གིས་དྲི་བ་ཕུལ་བར་ལན་འདེབས་གསལ་བཤད་འཐུས་ཚང་གནང་སྟེ། ཐེངས་འདིའི་རྒྱ་གར་བྱང་ཤར་འབྲས་ལྗོངས་དང་། ཀ་སྦུག་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཆ་ཚང་ལེགས་གྲུབ་བྱུང་ཡོད་པ་བཅས།
