
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་རྣམ་གཉིས་ནས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཞོགས་པ་གཞུང་འཁོར་བརྒྱུད་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རོགས་ཚོགས་དྲུང་ཡིག་དང་རང་བཙན་ཚོགས་ཆུང་གི་ཚོགས་གཙོ་ལྷན་དུ་གཞིས་དགོན་ཐུབ་བསྟན་དར་རྒྱས་གླིང་དང་། སླེ་ལུང་གཉག་སྟོན་དགོན་པ། ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་། བཙུན་དགོན་སྐྱེས་དགུའི་བདག་མོའི་ཆོས་གླིང་། ས་གནས་འགོ་འཛིན་ལས་ཁུངས་དང་ལས་བྱེད་ཀྱི་ལས་ཤག ས་འཐུས་ཚོགས་ཁང་། སཾ་བྷོ་ཊ་ཉིན་སློབ། ས་གནས་མཉམ་འབྲེལ་ཚོང་ཁང་དང་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང༌། ས་གནས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དང་གཞིས་ཆགས་བརྒྱ་ཤོག་ ༡ ནས་ ༧ བར་གཟིགས་སྐོར་གནང་སྟེ། ཐེངས་འདིའི་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་སྤྱི་འཐུས་རྣམ་གཉིས་ནས་གཞུང་འབྲེལ་ལས་དོན་ཆ་ཚང་ལེགས་གྲུབ་བྱུང་ཡོད་པ་བཅས།
