སྤྱི་འཐུས་བསོད་ནམས་ནོར་བུ་མཆོག་དང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་འཚམས་གཟིགས་སུ་ཕེབས་འཆར།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམ་པ་བོད་མིའི་གནས་ཡུལ་ཁག་ཏུ་འཚམས་གཟིགས་སུ་རིམ་ཕེབས་གནང་བཞིན་པ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༤ ནས། ཚེས་ ༡༦ བར་བདེ་སྐྱིད་གླིང་དང་། ཚེ་རིང་དོན་ལྡན་གླིང་། དོན་གྲུབ་གླིང་། ན་ནི་ཏལ། རི་ཤིཀེ་ཤ། ཧ་རི་རྡུ་ཝར། མ་སུ་རི། ར་ཇ་སྤུར་དང་། སྭ་རན་སྤུར་བཅས་ཀྱི་བོད་མི་གནས་ཡུལ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པའི་གནས་ཚུལ་དུ།།