སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་རྡོ་གླིང་དང་བསུ་ནཱ་མདའ་ཁྱབ་ཁོངས་ཀྱི་བོད་མི་གནས་ཡུལ་ཁག་ལ་འཚམས་གཟིགས་ཕེབས་པ།

ཐེངས་འདིའི་འཚམས་གཟིགས་ཕྱོགས་ཕེབས་གནང་ཡུལ་ནི་བསུ་ནཱ་མདའ་དང་། མི་རིག པ་ཤུ་པ་ཏི། མཁར་ཤང་། གུམ། སྤོག་རེ་སྤོང་། མ་ནི་སྦ་ཆང་། བླ་མ་ཧ་ཀྲ་དང་། རྡོར་གླིང་བཅས་ཀྱི་གཞིས་ཆགས་སློབ་གྲྭ་ཁག མཉམ་འབྲེལ་སྡེ་ཚན། དགོན་སྡེ་ཁགདང་ ས་གནས་སྨན་ཁང་བཅས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་ཡོད་པ་སོགས་ཡིན་འདུག

འཚམས་གཟིགས་ཕྱོགས་ཕེབས་ཀྱི་དུས་ཡུན་ནང་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་གསུང་བཤད་དང་བཞུགས་མོལ་ཚོགས་འདུ་བཅས་གནང་ཡོད་པ་དང་། ཐེེངས་འདིའི་ཕྱོགས་ཕེབས་འཚམས་གཟིགས་སྐབས་ཀྱི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་སྐོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སྐོར་སོགས་ལ་གསུང་བཤད་གནང་འདུག