སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་རྣམ་གཉིས་སུད་ཚོང་ས་ཁུལ་ཁག་ཅིག་ཏུ་གཞུང་འབྲེལ་གཟིགས་ཞིབ་ཏུ་ཕེབས་པ།

ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༢ ནས་ ༢༠༡༥ ཟླ་༡ ཚེས་ ༡༣ བར་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་རྣམ་གཉིས་སྤྱི་ལྷན་གྱི་ས་ཁུལ་ཁག་བགོས་ལྟར་སུད་ཚོང་ས་ཁུལ་ཁག་ ༨ ཙམ་ལ་ཕྱོགས་ཕེབས་གནང་ཡོད། ranchi (9)དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༢ ཕྱི་དྲོ་དྷ་རམ་ཤཱ་ལ་ནས་ལྡི་ལིར་ཐོན་ཡོད་པ་དང་། ཕྱི་ཚེས་ ༢༣ ཕྱི་དྲོ་ཆུ་ཚོད་ ༤་༤༥ ཐོག་མེ་འཁོར་འཐོན་རྒྱུ་རེད་འདུག་ཀྱང་། དུས་ཚོད་ཕར་འགྱངས་ཐེངས་གཉིས་ཙམ་རྗེས་ཚེས་ ༢༤ མཚན་གྱི་ཆུ་ཚོད་ ༡ ལ་མ་གཏོགས་ཐོན་མ་ཐུབ་པས་ཕྱི་ཚེས་ ༢༥ མཚན་མོ་ཆུ་ཚོད་དང་པོ་ལ་ཀོལ་ཀ་ཏར་འབྱོར། ཀོལ་ཀ་ཏ་རུ་སུད་ཚོང་འཐུས་མི་བཞི་ཡིས་མཇལ་དར་དང་བཅས་ཕེབས་བསུ་ཞུས་ཡོད་འདུག ཕྱི་ཚེས་ ༢༦ ཉིན་ཀོལ་ཀ་ཏར་སུད་ཚོང་མི་མང་ ༣༠ ལ་གསུང་བཤད་གནང།

ཚེས་ ༢༧ ཞོགས་པ་ཆུ་ཚོད་ ༩ པར་ཀོལ་ཀ་ཏ་ནས་ཨ་སན་སོལ་ལ་ཐོན། ཨ་སན་སོལ་དུ་འཐུས་མི་ལྔ་དང་ལྷན་ལས་འཆར་སྐོར་གོ་བསྡུར་ཞུས། དེ་རྗེས་བོད་མིའི་ཁྲོམ་སར་གཟིགས་སྐོར་དུ་ཕེབས། ཕྱི་ཚེས་ ༢༨ ཉིན་ས་གནས་དེ་གའི་མི་མང་ ༦༠ ཙམ་ལ་བོད་དོན་སོགས་གང་ཅིའི་གསུང་བཤད་དང་དྲི་བ་དྲིས་ལན་གནང།

ཚེས་ ༢༩ ཞོགས་པ་ཆུ་ཚོད་ ༡༠ པའི་ཐོག་དཱན་བད་ལ་ཐོན་པར་དེར་ཆུ་ཚོད་ ༡༢ ཙམ་ལ་འབྱོར། ལྷ་ས་ཁྲོམ་སའི་མི་འཐུས་གསུམ་ནས་ཕེབས་བསུ་ཞུས། ཚེས་ ༢༩ ཉིན་སུད་ཚོང་མི་མང་ ༡༩ ཙམ་ལ་གོང་བཞིན་གསུང་བཤད་གནང་། ཚེས་ ༣༠ ཞོགས་པ་ཆུ་ཚོད་ ༨ པའི་ཐོག་དཱན་བད་ལྷ་ས་སུད་ཚོང་བ་ ༧༠ ལ་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་།

ཚེས་ ༣༡ ཞོགས་པ་ཆུ་ཚོད་ ༦ པའི་ཐོག་དཱན་བད་ནས་པུ་རོ་ལི་ཡ་བརྒྱུད་ཀྲ་ཀྲ་ན་གྷར་ལ་ཐོན་པར། པུ་རོ་ལི་ཡར་ཞོགས་པ་ཆུ་ཚོད་ ༧་༣༠ ཙམ་ལ་འབྱོར་བས། དེ་གའི་འཐུས་མི་གཉིས་ནས་ཕེབས་བསུ་ཞུས་པ་དང། དེར་གཟིགས་སྐོར་འཁྱུག་ཙམ་ཕེབས་རྗེས་ཀྲ་ཀྲ་ན་གྷར་ལ་རྡོག་ཐོན་བགྱིས་པར། ཀྲ་ཀྲ་ན་གྷར་འཐུས་མི་གསུམ་ནས་ཕེབས་བསུ་ཞུས་ཡོད།

ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་ཚེས་ཀྱི་ཞོགས་པ་ས་གནས་དེ་གའི་མི་མང་ ༧༥ ཚོགས་འཛོམས་ཐོག་གོང་བཞིན་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།ranchi (3)

ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢ ཉིན་སྤྱི་འཐུས་པདྨ་འབྱུང་གནས་མཆོག་ཀྲ་ཀྲ་ན་གྷར་ནས་རན་ཅི་ལ་ཐོན་པ་དང་། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་སྦེང་ལོར་ནས་གནམ་ཐོག་བརྒྱུད་རན་ཅི་མགྲོན་ཁང་དུ་ས་གནས་དེ་གའི་འཐུས་མི་གསུམ་ནས་རྣམ་པ་གཉིས་ལ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས། ཚེས་ ༣ ཉིན་ས་གནས་སུད་ཚོང་བ་རྣམས་ལ་གསུང་བཤད་དང། དྲི་བ་ཁག་ལ་སྐབས་ཐོག་སོ་སོར་ལན་འདེབས་གནང་།

ཚེས་ ༤ ཞོགས་པ་ཆུ་ཚོད་ ༨ པའི་ཐོག་སྤྱི་འཐུས་ས་བགོས་གང་གི་ཡང་ཁྱབ་ཁོངས་སུ་མེད་པའི་ལམ་བར་དུ་འཁེལ་གྱི་ཡོད་པ་རམ་སྒར་ལ་འཁྱུག་ཙམ་ཕེབས་འཁོར་བཀག་ནས་གནས་སྟངས་རྟོག་ཞིབ་ཞུས་ཡོད་པ་དང་། གོང་མཚུངས་ས་བགོས་ཁོངས་མེད་པ་ཧཱ་ཛ་རི་སྦག་ཏུའང་བཀག་པར་དེ་གའི་འཐུས་མི་དང་མི་མང་བཅས་གྲལ་བསྟར་གྱིས་ལག་ཏུ་མཇལ་དར་ཐོགས་ཏེ་ཕེབས་བསུ་ཞུས་ཡོད་འདུག དེ་ནས་གནས་མཆོག་རྡོ་རྗེ་གདན་དུ་རྡོག་ཐོན་གནང་སྟེ། ཕྱི་དྲོ་ཆུ་ཚོད་ ༣་༣༠ ཙམ་ལ་འབྱོར། ཚེས་ ༦ ཉིན་མི་མང་གྲངས་ ༢༧ ཙམ་ལ་གསུང་བཤད་གནང་བ་དང་།

ཚེས་ ༨ ཉིན་སྔ་དྲོ་པཊ་ནར་ཐོན་པར་དེར་ཆུ་ཚོད་ ༡་༣༠ ཙམ་ལ་འབྱོར་བར་དེ་གའི་འཐུས་མི་གཉིས་ནས་ཕེབས་བསུ་ཞུས། ཚེས་ ༩ ཉིན་ཚོགས་འདུ་འགོ་འཛུགས་དང་སྦྲགས། མི་མང་ ༧༠ ཙམ་ལ་གོང་བཞིན་གསུང་བཤད་དང། དྲི་བ་ཁག་ལ་ལན་འདེབས་གནང་།

dandbad lhasa (3)ཚེས་ ༡༡ ཕྱི་དྲོ་མེ་འཁོར་བརྒྱུད་ལྡི་ལིར་ཐོན་པར་ཆུ་ཚོད་ ༥ ཙམ་རྗེས་ལུས་ཀྱིས་དེར་ཆུ་ཚོད་ ༣་༡༥ ཙམ་ལ་འབྱོར་སོང་བས་ཐད་ཀར་བསམ་ཡས་གླིང་མགྲོན་ཁང་དུ་ཐོན། ཚེས་ ༡༢ ཉིན་ལྡི་ལི་ནས་རྡ་སར་ལས་ཁུངས་ཀྱི་སྣུམ་འཁོར་བརྒྱུད་ཕྱིར་ཕེབས་ཐོན་གནང་ནས། ཕྱི་ཟླ་ ༡ ཚེས་ ༡༣ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད། ད་ཐེངས་སྤྱི་འཐུས་རྣམ་གཉིས་ཕྱོགས་ཕེབས་དུས་ཡུན་དེའི་རིང་སུད་ཚོང་བའི་ཁྲོམ་གྱི་གནས་སྟངས་སྤྱི་དང་། ཚོང་ཁྲལ་སྐོར། ཁོང་ཚོར་ནང་ལྷན་ནས་བོགས་ལེན་བརྒྱུད་ཁྲོམ་ས་གསར་གཏོད། དང་བླངས་དཔྱ་ཁྲལ་བཟོ་ཕྱོགས་སོགས་ཀྱི་གནད་དོན་ཐད་ཞུ་སྐུལ་བྱུང་བ་རྣམས་ལ་གཟིགས་ཞིབ་གནང་སྟེ་ཕྱོགས་ཕེབས་ལས་དོན་ལེགས་གྲུབ་ཡོད་པའི་གནས་བསྡུས་སུ།

Menu