༄༅། །བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་ ༧ པའི་ཚེས་ ༢༩ ནས་ཕྱི་ཟླ་ ༨ པའི་ཚེས་ ༢ བར་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ། ཧོན་སུར་དང་། ཀོ་ལི་གྷལ་ས་གནས་འཐུས་མི། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་རང་ཚོགས། དེ་བཞིན་གོང་གསལ་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་བཅས་ལ་ “ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་།” ཞིག་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༨ ཉིན་ས་གནས་སུ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༢༩ ནས་ཟླ་ ༨ པའི་ཚེས་ ༢ བར་ས་གནས་སུ་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས།