སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་སིམ་ལ་དང་། སོ་ལན་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པ་ས་གནས་ཆ་བགོས་ཀྱིས་ཕྱོགས་ཕེབས་གནང་གི་ཡོད་པ་ལྟར་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་སིམ་ལ་དང་། སོ་ལན་གཞི་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ཚེས་ ༡༥ ཉིན་སྔ་དྲོ་ལྡི་ལི་ནས་སིམ་ལར་ཕེབས་ཏེ་ཚེས་ ༡༦ ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དབྱངས་ཅན་དགའ་ཚལ་གླིང་གཞིས་ཆགས་ཀྱི་མི་མང་ལ་གསུང་བཤད་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༡།༣༠ ས་གནས་འཐུས་ཚོགས་ཀྱི་འཐུས་མི་དང་། སྒར་འཐུས་དང་མཉམ་དུ་བཞུགས་མོལ་ཚོགས་འདུ།  

solan

དེ་རྗེས་བོད་སློབ་འཛིན་ཚོགས་སློབ་གྲྭའི་སློབ་ཕྲུག་དང་། དགེ་ལས་རྣམས་ལ་གསུང་བཤད། དེ་ནས་རང་བཙན་གཞིས་གྲོང་དུ་གཞིས་སྒར་འཐུས་མི་ལྷན་དུ་ཚོགས་འདུ་གནང་།

ཚེས་༡༧ཉིན་སྔ་དྲོ་གཞིས་སྒར་གྱི་ཁྱིམ་དང་།སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཀྱི་ཉེ་འཁྲིས་ཁ་ཐོར་གཞིས་སྒརགཉིས་ལ་གཟིགས་སྐོར་གནང་།ཉིན་རྒྱབ་ནས་སོ་ལན་གཞིས་ཆགས་སུ་ཕེབས་ནས་མི་མང་རྣམས་ལ་གསུང་བཤད་གནང་།

 ཚེས་༡༨ཉིན་སྔ་དྲོ་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་ནས།ཁོང་གི་དགོན་པ་དང་།དཔེ་མཛོད་ཁང་དུ་གནས་གཟིགས་དང་།བོད་མི་ཉམ་ཐག་དུད་ཁྱིམ་ཁ་ཤས་སུ་གཟིགས་སྐོར་གནང་བ་དང་།ཉིན་རྒྱབ་ལྡི་ལིར་ཕྱིར་ཕེབས་གནང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།

solan1