༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༣ ཟླ་ ༦ཚེས་ ༢༥ ནས་འགོ་འཛུགས་ཏེ། ལ་དྭགས་སླེ་བྱང་ཁུལ་དང་། ཉེ་འཁོར་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༦ པའི་ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ལ་དྭགས་སླེ་རུ་རྟེན་གཞི་བྱས་པའི་བོད་པའི་བརྒྱ་ཤོག་ཁག་ ༡༢ ལ་གཟིགས་སྐོར་དང་། ཕྱི་དྲོ་བོད་ཁྱིམ་སློབ་གྲྭའི་དགེ་སློབ་ཡོངས་ལ་གསུང་བཤད་གནང་ཡོད་འདུག
རིམ་པས་བྱང་ཐང་ས་ཁུལ་ཁག་ལ་ལས་རིམ་བསྐྱང་འཆར་ཡོད་པ་བཅས།