སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༣ ནས་ཕྱི་ཟླ་ ༩ ཚེས་ ༥ བར་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ (Bangalore) དང་། མའེ་སོར།(Mysore) སྦེལ་ཀོབ་ལུགས་བསམ་གཞིས་ཆགས། མེངྒ་ལོར་(Mangalore) བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་།  ཕྱི་ཚེས་ ༢༤ ཉིན་སྤྱི་འཐུས་རྣམ་གཉིས་ལྡི་ལིར་ལྷན་འཛོམས་གནང་རྗེས། ལྡི་ལི་ནས་སྦེང་ལོར་ལ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ཕྱི་ཚེས་ ༢༥ ནས་ ༢༦ བར་ཉིན་གཉིས་རིང་ས་གནས་སུ་ལས་རིམ་དང་། ཕྱི་ཚེས་ ༢༧ ཉིན་མའེ་སོར་དུ་ལས་རིམ། ཕྱི་ཚེས་ ༢༨ ནས་ ༣༡ བར་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ལས་རིམ། ཕྱི་ཟླ་ ༩ ཚེས་ ༢ ཉིན་མེངྒ་ལོར་དུ་ལས་རིམ། ཕྱི་ཚེས་ ༣ ཉིན་མེངྒ་ལོར་ནས་སྦེང་ལོར་དུ་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་སྦེང་ལོར་ནས་ལྡི་ལི་བརྒྱུད་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།

Menu