སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་གྷོ་པ་པུར་བོད་ཕྲུག་ཁྱིམ་སྡེར་མང་གཙོའི་དུས་དྲན་ཐེངས་ ༥༢ པའི་མགྲོན་གཙོར་ཕེབས་པ།

གྷོ་པ་པུར་བོད་ཁྱིམ་དུ་མང་གཙོ་དུས་དྲན།གྷོ་པ་པུར་བོད་ཁྱིམ་དུ་མང་གཙོ་དུས་དྲན།
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢ ཉིན་བོད་ཀྱི་མང་གཙོའི་དུས་དྲན་ཐེངས་ ༥༢ སོང་གྷོ་པ་པུར་བོད་ཁྱིམ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སྐུ་མགྲོན་དུ་གདན་ཞུས་ལྟར་ཞོགས་པའི་ཆུ་ཚོད་ ༧།༣༠ ཐོག་རྡ་ས་ནས་ཕེབས་ཐོན་གནང་བ་དང། གྷོ་པ་པུར་དུ་ཕེབས་རྗེས་སློབ་སྤྱི་ལགས་དང་ལྷན་སློབ་གྲྭའི་གནས་སྟངས་རྒྱུས་ལོན་དང།
གྷོ་པ་པུར་བོད་ཁྱིམ་དུ་མང་གཙོ་དུས་དྲན།གྷོ་པ་པུར་བོད་ཁྱིམ་དུ་མང་གཙོ་དུས་དྲན།
དེ་རྗེས་སློབ་མ་ཁག་གཅིག་ལ་མི་རབས་གསར་པའི་རྩོམ་རིག་གི་གཟེངས་རྟགས་སྤྲད་གནང་བ་མ་ཟད། དེར་བཞུགས་དགེ་སློབ་ཚང་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་མ་ཐག་པ་ནས་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་གནང་རྒྱུའི་ཐུགས་རེ་ཡོད་ཀྱང་། སྐབས་དེར་རྒྱ་དམར་གྱིས་བོད་ནང་དུ་བཙན་འཛུལ་བྱེད་འགོ་ཚུགས་པས་ཐུགས་རེ་བཞིན་སྒྲུབ་མ་ཐུབ་པ་དང།
གྷོ་པ་པུར་བོད་ཁྱིམ་དུ་མང་གཙོ་དུས་དྲན།གྷོ་པ་པུར་བོད་ཁྱིམ་དུ་མང་གཙོ་དུས་དྲན།དེ་རྗེས་བཙན་བྱོལ་དུ་ཕེབས་རྗེས་ཕྱི་ལོ་ ༡༩༦༠ ཟླ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པ་ནས་མང་གཙོའི་འཕེལ་རིམ་སྤྱི་དང། བྱེ་བྲག་ཏུ་༸སྐྱབས་མགོན་རིན་པོ་མཆོག་གིས་བོད་མིའི་མང་གཙོའི་གོ་རྟོགས་རིམ་སད་ཀྱིས་མང་གཙོ་ཡང་དག་པའི་ལམ་ལུགས་ལ་བསྒྱུར་གནང་མཛད་པའི་གོམ་སྟབས་ཆེན་པོ་གསུམ་སྟེ། ཕྱི་ལོ་ ༡༩༩༡ ལོ་དང། ༢༠༠༡། ༢༠༡༡ བཅས་སུ་བྱུང་བའི་རླབས་ཆེན་གྱི་བྱུང་བ་རྣམས་ངོ་སྤྲོད་དང། ལྷག་པར་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང། དེའི་རྐྱེན་རྩ་གང་ལ་ཐུག་མིན་སོགས་ངོ་སྤྲོད་གནང་བ་མ་ཟད། སློབ་ཕྲུག་ཚོས་སྒྲུབ་ཕྱོགས་ཀྱི་ལས་འགུལ་གཙོས་རང་འཁྲིའི་སློབ་སྦྱོང་ལ་འབད་བརྩོན་གནང་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ཞབས་འདེགས་བསྒྲུབ་དགོས་ཚུལ་དང། དེ་བཞིན་ང་ཚོ་བོད་མི་རྣམས་འཛམ་གླིང་ས་ཕྱོགས་གང་དུ་ཕྱིན་ཀྱང་རང་ཉིད་བོད་མི་ཞིག་ཡིན་པ་མ་བརྗེད་པའི་ཐོག བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང། རིག་གཞུང་། ཡ་རབས་བཟང་སྤྱོད། དམིགས་བསལ་དེང་སྐབས་ཆ་འཕྲིན་གྱི་དུས་རབས་འདིར་དྲ་རྒྱའི་ལམ་ནས་བོད་ཡིག་བེད་སྤྱོད་ངེས་པར་བཏང་སྟེ་བོད་ནང་གི་ཕ་སྐད་གཙང་མའི་འགྲན་ཚོགས་སོགས་ལ་དཔེ་བལྟས་ནས་སློབ་སྦྱོང་བྱེད་དགོས་པ་དང་ཆབས་ཅིག སོ་སོའི་ཁམས་དང་མོས་པ་དང་མཐུན་པའི་དེང་དུས་་ཀྱི་ཤེས་ཡོན་སོགས་ལའང་རིགས་གཅིག་རྐང་འཛིན་བྱེད་ཐུབ་རྒྱུའི་འབད་བརྩོན་ཡང་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།།