སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༠ ནས༢༧ བར་རྒྱ་གར་བྱང་ཤར་རྡོར་གླིང་དང་། མི་རིག མཁར་ཤང་། བསུ་ན་མདའ། སུ་ཁི་ཡ་པཱོ་ཁ་རི། མ་ནི་བྷན་ཇང་། གུམ། བླ་མ་ཧ་ཀྲ སུད་ཚོང་ས་གནས་ཧ་ཇ་རི་བྷག རའོ་ཀི་ལ། བྷ་རི་པ་ཊ། བྷ་རྡ་རག པ་ཤུ་པ་ཏི་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༥ པའི་ཚེས་ ༢༠ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་ལྡི་ལི་ནས་ཤི་ལི་གྷུ་རིར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༢ ཉིན་བསུ་ན་མདའ་སོགས་སུ་ལས་རིམ། ཕྱི་ཚེས་ ༢༣ ནས་ ༢༥ བར་རྡོར་གླིང་ཁུལ་ལ་ལས་རིམ། ཕྱི་ཚེས་ ༢༦ ཉིན་ཤི་ལི་གྷུ་རི་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༧ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།