༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢ ཉིན་སྔ་དྲོ་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ཀྱིས་བོན་གཞིས་ཌོ་ལན་ཇི་ཐོབ་རྒྱལ་གསར་པར་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བསྟན་པའི་༧གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཇལ་བཅར་ཞུས་གནང་ཡོད་པ་དང་།
དེ་རྗེས་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་། སྐུ་གདུང་ཁང་། བཙུན་དགོན་རདྣ་སྨན་གླིང་ལ་མཆོད་མཇལ་དང་། གསོ་རིག་འབུམ་བཞིའི་མཐོ་སློབ་དང་། སམ་བྷོ་ཊ་ཉིན་སློབ་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད།
ཉིན་རྒྱབ་སྤྱི་འཐུས་རྣམ་གཉིས་ནས་བོན་གཞིས་སེར་སྐྱ་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་བཅས་གནང་སྟེ། ཐེངས་འདིའི་བོན་གཞིས་ཌོ་ལན་ཇི་གཞིས་ཆགས་སུ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད་པ་བཅས། །