སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་རྣམ་གཉིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་བ།

༄༅། ། སྐབས་ ༡༧ པའི་ཡུ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༥ ཟླ་ ༡ པོའི་ཚེས་ ༡༨ ནས་ཡུ་རོབ་སུད་སི་དང་། ཨི་ཊ་ལི། ཨོ་སི་ཊོ་རི་ཡ། སྦེལ་འཇམ། ཕ་རན་སི་བཅས་རྒྱལ་ཁབ་ལྔའི་ནང་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད་པ་བཅས།