སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་སྤྱི་འཐུས་པདྨ་བདེ་ལེགས་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

སྤྱི་འཐུས་པདྨ་བདེ་ལེགས་མཆོག

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག

 

 

 

 

 

 

 

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་སྤྱི་འཐུས་པདྨ་བདེ་ལེགས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༨ ཚེས་ ༨  ནས་ཚེས་ ༢༠ བར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཀོ་ལི་གྷལ་དོན་ལྡན་གླིང་དང་། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཨུ་ཀྲི། ཀོ་ཌི་ཀ་ནལ། ཨེ་རོ་ཌ། ཀོ་ཧིམ་བྷ་ཏོར་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་ཕྱི་ཟླ་ ༨ ཚེས་ ༨ ཉིན་རྡ་ས་དང་། སྤྱི་འཐུས་པདྨ་བདེ་ལེགས་མཆོག་ཕྱི་ཚེས་ ༩ ཉིན་སྦེལ་ཀོབ་གཞིས་ཆགས་སོ་སོ་ནས་སྦེང་ལོར་དུ་ཕེབས་ཐོན་གནང་རྒྱུ་དང་།  ཕྱི་ཚེས་ ༡༠ ཉིན་སྦེང་ལོར་ནས་ཀོ་ལི་གྷལ་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་འཕྲལ་ལས་རིམ་དང་། དེ་རྗེས་ཕྱི་ཚེས་ ༡༣ ནས་ ༡༧ བར་གོང་འཁོད་ས་གནས་གཞན་རྣམས་ལ་མུ་མཐུད་ལས་རིམ་ལྟར་གཟིགས་བསྐོར་ཕེབས་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༨ ཉིན་སྤྱི་འཐུས་པདྨ་བདེ་ལེགས་བཞུགས་གནས་སྦེལ་ཀོབ་གཞིས་ཆགས་སུ་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༢༠ ཉིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།

 

 

Menu