སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་དང་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་རྣམ་གཉིས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་དང་ལྷོ་སྤྱི་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ཅིག་ལ་འཚམས་གཟིགས་ཕེབས་གཏན་ཁེལ་བ།

༄༅། ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་དང་། སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༡ ནས་ ༢༦ བར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཁྱབ་ཁོངས་མངའ་སྡེ་ཏི་ལིང་གྷ་ན་ (Telangana) དང་།  ཨནྡྲ་པར་དེ་ཤིའི་ (Andhra Pradesh) བཅས་གཉིས་ནང་གནས་འཁོད་བོད་མིའི་སུད་ཚོང་ས་གནས་ཁག་དང་། རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་བཅས་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༡༡ ཉིན་སོ་སོའི་བཞུགས་གནས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༢ ཉིན་ལྡི་ལི་ནས་ཧེ་དར་བྷཌ་ (Hyderabad) ལ་ཕེབས་ཐོན་དང་། ཉིན་རྒྱབ་སེ་ཀེན་དར་བྷཌ་ (Secunderabad) ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༣ ནས་ ༡༨ བར་རིམ་པས་བོད་མིའི་སུད་ཚོང་ས་གནས་ཧ་ནམ་ཀོན་ཌ་ (Hanamkonda) དང་།  ཝ་རན་གྷལ།(Warangal)  ཀ་རིམ་ན་གྷར།(Karimnagar) གྷོ་རྡ་ཝ་རི་ཁ་ནི།(Godavarikhani) ཝི་ཇཱ་ཡ་ཝ་ཌ།(Vijayawada) གུན་ཏུར།(Guntur) ཝི་ཤ་ཀ་པཌ་ནམ། (Visakhapatnam) བཅས་སུ་ལས་རིམ། ཕྱི་ཚེས་ ༡༩ ཉིན་ཝི་ཤ་ཀ་པཌ་ནམ་ནས་སྦེང་ལོར་བརྒྱུད་ཧོན་སུར་རབ་རྒྱས་གླིང་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༠ ནས་ ༢༢ བར་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༢༤ ཉིན་སྦེང་ལོར་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༦ ཉིན་ལྡི་ལི་ནས་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །

Menu