སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་བསྟན་པ་ཡར་འཕེལ་ལགས་རྣམ་གཉིས་ཀ་རྡོར་སྒང་གསུམ་སོགས་སུ་འཚམས་གཟིགས་ལེགས་གྲུབ།

ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༨ ནས་ཟླ་ ༨ ཚེས་ ༧ བར་རྒྱ་གར་ཤར་བྱང་ཁུལ་ཏུ་འཚམས་གཟིགས་ལེགས་པར་གྲུབ་ཡོད་པ་དང་། སྤྱི་འཐུས་རྣམ་གཉིས་ནས་སྔ་རྗེས་སུ་སོ་ན་རྡ་བཀྲ་ཤིས་གླིང་དང་ས་གནས་གཏན་སློབ། ཁར་ཤང་། པ་ཏི། རྡོར་གླིང་བོད་གཞུང་གཏན་སློབ། ས་སྐྱ་ཡིད་དགའ་ཆོས་གླིང་། མ་ཎི་བྷན་ཇང་། སྤོག་རི་སྤོང་སམ་བྷོཊ་སློབ་གྲྭ། ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས། ར་ཝང་ལ་ཉིན་སློབ། ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་། སྒང་ཏོག་དང་སྒང་ཏོག་ཐོན་སམ་སློབ་གྲྭ། རུམ་བཏེགས་དགོན། འབྲས་ལྗོངས་ལ་ཆེན་ལ་ཆུང་ཁུལ་གྱི་འབྲོང་ཁུག་དང་ཚ་སྟེང་། མུ་ཤི་ཐང་། ཆུང་ཐང་། སྤ་གོང་། མན་གྷན། ཀ་སྦུག་དང་ཀ་སྦུག་གཏན་སློབ། བཀའ་བརྒྱུད་ཐེག་ཆེན་གླིང་། ཇའེ་སྒང་། ཨོཌ་ལ་སྦ་རི། ས་ལུ་སྒ་ར་སྲད་རྒྱུད་གྲྭ་ཚང་། རྡོར་གདན་རྣམ་རྒྱལ་གྲྭ་ཚང་སོགས་ས་གནས་ཁག་ཏུ་ཚོགས་འདུ་ཐེངས་ ༣༧ ཚོགས་འདུག་པ་དང་། ཚོགས་ཞུགས་མི་གྲངས་བསྡོམས་ ༤༣༡༨ ཕེབས་ཡོད།

དེ་བཞིན་དུ་སྤྱི་འཐུས་རྣམས་གཉིས་ནས་ཕེབས་ཡུལ་ས་གནས་ཀྱི་ཀ་ལུ་རིན་པོ་ཆེའི་གདན་ས་བསམ་འགྲུབ་དར་རྒྱས་ཆོས་གླིང་དང་། འབྲུག་ཐུབ་བསྟན་གསང་སྔགས་ཆོས་གླིང་། འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། ཡབ་གཞིས་རང་འཚོ་བཟོ་གྲྭ། བཀྲ་ཤིས་ལྡིང་། གཞིས་དགོན་ཐུབ་བསྟན་དར་རྒྱས་གླིང་། ཨ་མའི་ཚོགས་པ། དཔལ་ཆེན་ཆོས་གླིང་། གཏིང་སྐྱེས་དགོན། སྟག་རྩེ་བཙུན་དགོན། ས་སྐྱ་ངོར་དགོན་པ། གྲོ་མོ་བཀའ་དགོན། སེར་བྱེས་འགྲོ་ཕན་དགོན། སྒང་ཏོག་ཡན་ལག་སྨན་རྩིས་ཁང་དང་། འཕྲོད་བསྟེན་སྨན་ཁང་། གུ་རུ་སྐུ་འབུམ་ལྷ་ཁང་། བ་རི་དགའ་ཚལ་དགོན། གམ་པའི་ས་མཚམས་ཁེལ་བའི་གུ་རུ་གདོང་དམར། སྒང་ཏོག་བཀྲ་ཤིས་རྣམ་རྒྱལ་དྲན་རྟེན་དཔེ་མཛོད་དང་འགྲེམས་སྟོན་ཁང་། རྡོ་གྲུབ་རིན་པོ་ཆེའི་དགོན་པ། ཀ་སྦུག་འཕགས་བོད་རིག་གནས་སློབ་གཉེར་ཁང་། རྙིང་དགོན་ཟངས་མདོག་དཔལ་རི་དང་། ས་སྐྱ་དགོན་པ། དགའ་ལྡན་ཐར་པ་ཆོས་གླིང་། ཟེ་དཀར་ཆོས་སྡེ། སྲད་རྒྱུད་གྲྭ་ཚང་། དེ་བཞིན་ས་གནས་ཀྱི་འཕྲོད་བསྟེན་སྨན་ཁང་དང་། ཡན་ལག་སྨན་རྩིས་ཁང་། མཉམ་འབྲེལ་ལས་ཁུངས། རྒན་གསོ་ཁང་དང་ད་ཕྲུག་ཉལ་ཁང་སོགས་ལ་གཟིགས་སྐོར་རྟོག་ཞིབ་གནང་ཡོད།

འཚམས་གཟིགས་ཀྱི་མཛད་རིམ་ཁྲོད། སྤྱི་འཐུས་རྣམ་གཉིས་ནས་ས་གནས་ཀྱི་འཁྲུངས་སྐར་མཛད་སྒོ་དང་། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ས་གནས་ཀྱི་ལས་རིམ་དབུ་འབྱེད་སོགས་ལ་མཉམ་ཞུགས་གནང་ཡོད་པ་དང་། ས་གནས་འཐུས་མིའི་ཚོགས་འདུའི་སྐོར་ལ་འབྲེལ་ཡོད་ལྷན་བཞུགས་མོལ་ཚོགས་འདུའི་སྐབས་ལམ་སྟོན་གནང་འདུག

སྤྱི་འཐུས་རྣམ་གཉིས་ཀྱི་ལས་བསྡོམས་སུ། ས་གནས་མང་ཚོགས་ནས་བདེ་སྡུག་ཞུ་སྐུལ་བྱས་པ་བཀའ་ཤག་དང་འབྲེལ་ཡོད་དོན་ཚན་ ༣ དང་། ཆོས་རིག་ལ་དོན་ཚན་ ༢ ། ཤེས་རིག་ལ་དོན་ཚན་ ༡ ། ནང་སྲིད་ལ་དོན་ཚན་ ༦ ། འཕྲོད་བསྟེན་ལ་དོན་ཚན་ ༢ བཅས་འགོད་འབུལ་གནང་འདུག །

Menu