སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནག་པཱུར་དུ་གཞུང་དོན་ཕྱོགས་བསྐྱོད།

ཌོག་ཊར་ཨེམ་བྷེད་ཀར་གཞོན་ནུའི་སྒྱུ་རྩལ་ལྷན་ཚོགས་གྲ་སྒྲིག་ཚོགས་ཆུང་དང་། ས་གནས་འཕགས་བོད་མཛའ་འབྲེལ་ཚོགས་པ་ཐུན་མོང་ནས་གདན་ཞུས་ལྟར། སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཏུ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་བཞུགས་སྒར་ནས་ནག་པཱུར་དུ་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༡༢ དང་ ༡༣ ཉིན་སོ་སོར་ཌོག་ཊར་ཨེམ་བྷེད་ཀར་རྩོམ་རིག་དང་རིག་གཞུང་གཅེས་སྐྱོང་ཚོགས་ཆེན་ཐེངས་ ༤ པའི་དབུ་འབྱེད་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དང་། ཚོགས་ཐོག་ཏུ་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་འཆར་ཡོད་པ་རེད། །