སྡེ་ར་རྡུན་མངའ་སྡེ་ནང་བོད་མིས་ཞུ་གཏུགས་ལས་འགུལ།

སྡེ་ར་རྡུན་མངའ་སྡེ་ནང་བོད་མིས་ཞུ་གཏུགས་ལས་འགུལ།སྡེ་ར་རྡུན་མངའ་སྡེ་ནང་བོད་མིས་ཞུ་གཏུགས་ལས་འགུལ།

ཕྱི་ལོ་༢༠༡༣།༡།༥ ཉིན་ཞུ་གཏུགས་ལས་འགུལ་བ་རྣམས་སྡེ་ར་རྡུན་ཁུལ་དུ་འབྱོར་ཡོད་པ་དང་། མངའ་སྡེ་སྤྱི་ཁྱབ་བློན་ཆེན་བེ་ཇེ་བྷ་གྷོ་ན་Vijay Bahuguna མཆོག མངའ་སྡེ་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་Govind Singh Kungwal མཆོག་དང་། གྲོས་ཚོགས་ཚོགས་གཙོ་ཟུར་བ་Harbens Kapoor མཆོག་གིས་གཙོ་བོས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། འཛིན་སྐྱོང་བློན་ཆེན་ཁག་ཅིག་ལ་མཇལ་འཕྲལ་ཀྱིས་བོད་ནང་གི་རང་ལུས་མེར་བསྲེགས་དང་། རྒྱ་ནག་གཞུང་གི་དམ་དྲག་ཅན་གྱི་སྲིད་བྱུས་ངོ་སྤྲོད་། དེ་བཞིན་རྒྱ་གར་དཔོན་རིགས་ཁག་དང་གྲོས་ཚོགས། མི་མང་སོགས་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་གནོན་ཤུགས་སྤྲོད་ཐབས་ཡོང་བར་ཡིག་ངག་གཉིས་ཐོག་ནས་ཞུ་གཏུགས་བྱས་ཡོད་པ་རེད།

སྡེ་ར་རྡུན་མངའ་སྡེ་ནང་བོད་མིས་ཞུ་གཏུགས་ལས་འགུལ།སྡེ་ར་རྡུན་མངའ་སྡེ་ནང་བོད་མིས་ཞུ་གཏུགས་ལས་འགུལ།

ཕྱི་ཚེས་༦ ཉིན་གྲོང་ཁྱེར་གྱི་ Inderlok Hotel ནང་གསར་འགོད་གསལ་བསྒྲགས་གནང་བ་དང་། གསར་འགོད་པ་སུམ་བཅུ་ལྷག་གིས་དོ་སྣང་ཆེན་པོས་དྲི་བ་དྲི་ལན་གནང་སྟེ་བརྙན་འཕྲིན་དང་གསར་ཤོག་གི་བརྒྱུད་ལམ་དུ་ཞུ་གཏུགས་ལས་འགུལ་གྱི་སྐོར་ཤུགས་ཆེར་འགྲེམས་བསྒྲགས་བྱས་ཡོད་པ་རེད།

ཕྱི་ཚེས་༧ ཉིན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་གཞིས་ཁག་ཡོངས་དང་། ཧ་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་དང་། ས་ལ་ཀོའི་བོད་ཁྱིམ་སློབ་ཕྲུག་སོགས་གྲྭ་བཙུན་དང་། མི་མང་༡༠༠༠ ལྷག་གིས་སྡེར་རྡུན་གྲོང་ཁྱེར་ནང་ཁ་རས་ནག་པོ་དཀྲིས་ཏེ་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཁྲོམ་སྐོར་གྱི་སྔོན་དུ་མི་མང་འདུ་འཛོམས་བྱས་པ་དང་། ས་གནས་འགོ་འཛིན་འཕྲིན་ལས་འཇིགས་མེད་ལགས་ཀྱིས་ལས་འགུལ་ངོ་སྤྲོད་གནང་བ་དང་། སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་དང་བུ་མོ་བསྟན་འཛིན་གཉིས་ཀྱིས་ཧིན་དབྱིན་གྱི་སྐད་ཡིག་སྟེང་གསར་འགོད་བསྒྲགས་གཏམ་སྤེལ་བ་དང་། སྤྱི་འཐུས་ཟླ་བ་ཚེ་རིང་དང་། སྤྱི་འཐུས་གངས་ལྷ་མོ་གཉིས་ཀྱིས་གསུང་བཤད་གནང་ཡོད་པ་རེད།

སྡེ་ར་རྡུན་མངའ་སྡེ་ནང་བོད་མིས་ཞུ་གཏུགས་ལས་འགུལ།སྡེ་ར་རྡུན་མངའ་སྡེ་ནང་བོད་མིས་ཞུ་གཏུགས་ལས་འགུལ།

ཕྱི་ཚེས་༨ ཉིན་སྡེ་ར་རྡུན་Doonga Hotel རྡོ་ན་མགྲོན་ཁང་གི་ཐང་ཆེན་དུ་བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། འདས་གསོན་གཞིས་ལུས་བོད་མིའི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་ཆོས་ལུགས་རིས་མེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་འཚོགས་པ་དང་། མཆོད་འབུལ་སྨོན་ལམ་སྟེང་ནང་པའི་གྲྭ་བཙུན་དང་། ཡེ་ཤུ་ཆོས་ལུགས་ཀྱི་ཆོས་དཔོན། ཧིན་རྡུ་ཆོས་ལུགས་ཀྱི་ཆོས་དཔོན། ཁ་ཆེ་ཆོས་ལུགས་ཀྱི་ཆོས་དཔོན། ས་ཡེན་ཧིན་རྡུ་ཆོས་ལུགས་ཀྱི་ཆོས་དཔོན་སོགས་ཕེབས་ཏེ་སྨོན་ལམ་གསུང་འདོན་གནང་སྟེ་ཕྱི་ཚེས་༩ ཉིན་གྱི་ཞོགས་པར་ཞུ་གཏུགས་ལས་འགུལ་བ་རྣམས་བྷེ་ཧར་མངའ་སྡེ་ཡི་རྒྱལ་ས་ལེགས་ནོའི་ཕྱོགས་སུ་བསྐྱོད་ཡོད་པ་རེད།

སྡེ་ར་རྡུན་མངའ་སྡེ་ནང་བོད་མིས་ཞུ་གཏུགས་ལས་འགུལ།སྡེ་ར་རྡུན་མངའ་སྡེ་ནང་བོད་མིས་ཞུ་གཏུགས་ལས་འགུལ།

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།

Menu