སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་ལས་དོན་མཇུག་བསྒྲིལ་པ།

ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང༌། ཚོགས་དྲུང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། ཚོགས་མི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང༌། སྤྱི་འཐུས་ཀརྨ་ཤེས་རབ་མཐར་ཕྱིན་ལགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ནས། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་བཀོད་ཁྱབ་གཞིར་བཟུང༌། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༣ ནས་ཕྱི་ཟླ་ ༣ ཚེས་ ༩ བར་ལས་ཉིན་དགུའི་རིང༌། བཀའ་ཤག་གི་བཙན་བྱོལ་བོད་གཞུང་གི་རྩིས་ལོ་ ༢༠༡༡་་༡༢ ལོའི་བཀའ་འཁྲོལ་རྒྱབ་གཉེར་གནང་ཕྱོགས་ལ་ཞིབ་འཇུག་མཐིལ་ནན་གནང་སྟེ་ལས་ཁུངས་རེ་རེ་བཞིན་གྱི་རྩིས་ལོ་ ༢༠༡༡་་༡༢ ལོའི་ཡིག་སྣོད་གྲངས་ ༢༢ དང་། རྩིས་ལོ་ ༢༠༡༠་་༡༡ ལོའི་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་ཡིག་སྣོད་གྲངས་ ༥ ། སྔོན་རྩིས་སྤྱི་ཡོངས་གནས་སྟངས་བཅས་ལ་བསྐྱར་ཞིབ་ཀྱིས། ཚོགས་ཆུང་གི་མཐོང་ཚུལ་དང་རྒྱབ་གཉེར་ཁག་གནང་སྟེ་ལས་དོན་མཇུག་བསྒྲིལ་ཡོད།

Menu