སྒུ་ཇུ་ར་ཐ་མངའ་སྡེའི་རྒྱལ་ས་གྷན་རྡི་ན་གྷར་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད།

 

གྷན་རྡི་ན་གྷར་དུ་བདེན་པའི་མེ་ལྕེར་ཕེབས་བསུ་ཞུ་བཞིན་པ།གྷན་རྡི་ན་གྷར་དུ་བདེན་པའི་མེ་ལྕེར་ཕེབས་བསུ་ཞུ་བཞིན་པ།

ཇེ་སྤུར། ༢༠༡༢།༡༠།༡༥ རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྒུ་ཇུ་ར་ཐ་ (Gujarat) མངའ་སྡེའི་རྒྱལ་ས་གྷན་རྡི་ན་གྷར་ (Gandhi Nagar) གྲོང་ཁྱེར་ནང་ཟླ་ ༡༠ ཚེས་ ༡༣ ཉིན་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་སྣེ་ཁྲིད་འོག་འབྱོར་བ་དང་། སྐབས་དེར་བོད་མི་སུད་ཚོང་བ་རྣམས་ནས་བདེན་པའི་མེ་ལྕེར་མཇལ་དར་སྒྲོན་ཏེ་ཕེབས་བསུ་ཞུས་པ་དང་། མཛད་སྒོའི་ཐོག་གྷན་རྡི་ན་གྷར་གྲོང་ཁྱེར་གྱི་གྲོང་བདེ་ལྷན་ཚོགས་ཀྱི་འཐུས་མི་ཁྲིམས་རྩོད་པ་སྐུ་ཞབས་ སན་རྡིབ་ཇོ་ཏི་ཀར་ (Sandeep Jyotikar) ལགས་དང་། གྷན་རྡི་ན་གྷར་དབུས་གཙུག་ལག་སློབ་གཉེར་ཁང་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་སློབ་མ་བཅས་ནས་ལྷན་བཞུགས་གནང་ཡོད་པ་རེད།

སྐུ་ཞབས་ Sandeep Jyotikar ལགས་ནས་བདེན་པའི་མེ་ལྕེར་ཕེབས་བསུ་ཞུ་བཞིན་པ།སྐུ་ཞབས་ Sandeep Jyotikar ལགས་ནས་བདེན་པའི་མེ་ལྕེར་ཕེབས་བསུ་ཞུ་བཞིན་པ།

བདེན་པའི་མེ་ལྕེར་ཕེབས་བསུའི་མཛད་སྒོའོ་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་དང་མཛད་རྗེས་ལ་ཡིད་རངས་གུས་བཏུད་ཞུ་སླད་སྐར་མ་གཅིག་རིང་ངག་བཅད་ཞུས་པ་དང་། དེ་རྗེས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་གཞུང་ནས་བོད་ནང་ལག་བསྟར་བྱས་དང་བྱེད་བཞིན་པའི་དྲག་གནོན། བོད་ནང་བོད་མིས་རང་ལུས་མེར་སྲེག་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་མང་ཚོགས་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

གྷན་རྡི་ན་གྷར་དུ་བདེན་པའི་མེ་ལྕེར་ཕེབས་བསུ་ཞུ་བཞིན་པ།གྷན་རྡི་ན་གྷར་དུ་བདེན་པའི་མེ་ལྕེར་ཕེབས་བསུ་ཞུ་བཞིན་པ།

སྐབས་དེར་རྒྱ་གར་ནུབ་ཕྱོགས་ཁུལ་གྱི་གསར་འགྱུར་བརྒྱུད་ལམ་གྲགས་ཆེན་ Divya Bhaskar གྱི་རྩོམ་སྒྲིག་པར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་། བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ངོ་སྤྲོད་ཞུས་པ་བཞིན་ཕྱི་ཉིན་ཚགས་ཤོག་ནང་གནས་ཚུལ་རྒྱ་ཆེ་ཐོན་ཐུབ་པ་བྱུང་ཡོད། འདི་ཁུལ་ཟླ་བ་རྗེས་མའི་ནང་མངའ་སྡེའི་འོས་བསྡུ་འཁེལ་གྱི་ཡོད་སྟབས། ཆབ་སྲིད་མི་སྣ་མཇལ་འཕྲད་བྱུང་མེད་ནའང་། རྒྱ་གར་སློབ་ཕྲུག་ཚོར་བོད་དོན་དྲིལ་བསྒྲགས་མི་དམན་ཙམ་བྱུང་ཡོད།

གྷན་རྡི་ན་གྷར་དུ་བདེན་པའི་མེ་ལྕེར་ཕེབས་བསུ་ཞུ་བཞིན་པ།གྷན་རྡི་ན་གྷར་དུ་བདེན་པའི་མེ་ལྕེར་ཕེབས་བསུ་ཞུ་བཞིན་པ།

བདེན་པའི་མེ་ལྕེ་སྐོར་བསྐྱོད་ཕྱི་ཚེས་ ༡༣ དགོང་དྲོ་གྷན་རྡི་ན་གྷར་ནས་ཐོན་ཏེ། ཕྱི་ཚེས་ ༡༤ ཞོགས་པ་ར་ཇ་སེ་ཐན་ (Rajasthan) མངའ་སྡེའི་རྒྱལ་ས་ཇེ་སྤུར་ (Jaipur) གྲོང་ཁྱེར་ནང་འབྱོར་སྐབས་བོད་མི་ཚོང་པའི་སྐྱིད་སྡུག་གི་འཐུས་མི་དང་། སློབ་སྟོན་པ་རྣམས་ནས་བདེན་པའི་མེ་ལྕེར་ཕེབས་བསུ་ཞུས་ཡོད་པ་རེད།

གྷན་རྡི་ན་གྷར་མཛད་སྒོའི་ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་གཏམ་བཤད་གནང་བཞིན་པ།གྷན་རྡི་ན་གྷར་མཛད་སྒོའི་ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་གཏམ་བཤད་གནང་བཞིན་པ།

ཕྱི་ཚེས་ ༡༦ ཉིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་བའི་སྐོར་གསར་འགོད་ལྷན་ཚོགས་དང་། ཕྱི་ཚེས་ ༡༧ དགོང་དྲོ་མར་མེའི་ཁྲོམ་སྐོར། དེ་བཞིན་མཐོ་རིམ་མི་སྣ་མཇལ་འཕྲད་དང་། གཙུག་ལག་སློབ་གཉེར་ཁང་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་བོད་དོན་གཏམ་བཤད་གནང་རྒྱུའི་མཛད་རིམ་ཐུགས་གཏན་འཁེལ་ཡོད་པ་བཅས།

Divya Bhaskar གྱི་རྩོམ་སྒྲིག་པའི་ལྷན།Divya Bhaskar གྱི་རྩོམ་སྒྲིག་པའི་ལྷན།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོ