སྐུ་ཞབས་ Indresh Kumar མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་པ་མ་ཟད། གསར་འགོད་ལྷན་ཚོགས་ཤིག་ཀྱང་གནང་བ།

IMG_3922 IMG_3924

ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས ༢༠ ཉིན་གུང་ཆུ་ཚོད་ ༡༢།༠༠ ཐོག་ Bharat Tibhat Sahyog Manch ཡི་སློབ་སྟོན་པ་དང་། རྒྱ་གར་རྒྱལ་ཡོངས་ RSS ཚོགས་པའི་རིག་གཞུང་འགན་འཛིན་སྐུ་ཞབས་ Indresh Kumar མཆོག་ཚོགས་པའི་ལས་དོན་དང་འབྲེལ་ནས་ཧི་མ་ཅལ་གྱི་རྐང་ར་རྫོང་དུ་ཕེབས་ཡོད་པ་དང་བསྟུན་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གདན་ཞུས་ཀྱིས་ཚོགས་གཙོ་སྦྲེལ་པོ་མཆོག་གི་ལྷན་བོད་དོན་དང་འབྲེལ་བའི་བཀའ་མོལ་གསུང་རེས་གནང་ཡོད་པ་དང་། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གྲོས་ཚོགས་ཚོགས་ཁང་ལ་གཟིགས་ཞིབ་གྲུབ་ཉིད་རྡ་སའི་ཀ་ཅཱ་རིར་ཡོད་པའི་ Hotel Centre Point དུ་ཁོང་ལ་ཉིན་གུང་གསོལ་ཚིགས་སྟབས་བདེ་ཞིག་འདེགས་འབུལ་འབུལ་རྒྱུའི་གོང་ཉིན་གུང་ཆུ་ཚོད་དང་པོའི་ཐོག་སྐུ་ཞབས་ Indresh Kumar མཆོག་དང་སྤྱི་ལྷན་ཚོགས་གཙོ་སྦྲེལ་པོ་མཆོག་དབུ་བཞུགས་ཀྱི་གསར་འགོད་ལྷན་ཚོགས་ཤིག་ཀྱང་གནང་ཡོད་པ་རེད། གསར་འགོད་ལྷན་ཚོགས་སུ་ཐོག་མར་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསུང་བཤད་གནང་དོན། དེ་ཡང་སྐུ་ཞབས་ Indresh Kumar མཆོག་གིས་ལོ་ངོ་ ༡༧ རིང་རྒྱ་གར་རྒྱལ་ཡོངས་ནང་བོད་དོན་ཆེད་གང་ཅིའི་རྒྱབ་སྐྱོར་གནང་ཡོད་པ་དང་། ལས་འགུལ་མང་པོ་སྤེལ་གནང་ཡོད་པ་རེད། ད་ཐེངས་རྒྱ་གར་སྤུན་མཆེད་ཉིན་མོ་དང་སྟབས་བསྟུན་གྱིས་ཁོང་རྡ་སར་ཕེབས་པ་དང་། ཁོང་གིས་དེ་སྔོན་བོད་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་གནང་མྱོང་མེད་པས་ད་རེས་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཁོང་ལ་གསར་འགོད་ལྷན་ཚོགས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་ཡོད་པ་རེད། RSS ཚོགས་པ་ནི་རྒྱ་གར་ནང་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ཚོགས་པ་ནུས་ལྡན་ཞིག་ཡིན་སོགས་གསུང་པ་དང་། དེ་རྗེས་སྐུ་ཞབས་ Indresh Kumar མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་གསུང་བཤད་གནང་དོན། ང་ཚོ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་པའི་ཆ་ནས། བོད་པའི་མངོན་འདོད་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་གཞིར་བཟུང་བོད་རྒྱ་འབྲེལ་མོལ་ཐོག་ཤུགས་རྒྱབ་རྒྱུ་དང་། ད་དུང་ཡང་སེམས་ཤུགས་མི་ཆག་པའི་ཐོག་རྒྱབ་སྐྱོར་གནང་རྒྱུ། དེ་བཞིན་བོད་པའི་སྤྱི་ཚོགས་ནང་ལ་རང་བཙན་འཐབ་རྩོད་པ་ཡོད་པ་དེ་ཚོ་ཡང་རྩོད་ཆོག་གི་རེད་ལ་ཁོང་ཚོར་ཡང་རྒྱབ་སྐྱོར་གནང་གི་ཡིན། ཁོང་ནས་མུ་མཐུད་གསུངས་དོན། ལོ་རྒྱུས་ཀྱི་ཆ་ནས་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཤིག་མེད་པར། བོད་དེ་རྒྱལ་ཁབ་དེ་གཉིས་དབར་གྱི་ཞི་བའི་བསྟི་གནས་ལྟ་བུ་ཡིན་ཡང་། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་རྗེས། རྒྱ་གར་དེ་ཁྱིམ་མཚེས་བྱེད་མྱོང་མེད་པའི་རྒྱལ་ཁབ་ཅིག་ཁྱིམ་མཚེས་ཆགས་པ་དང་། རྒྱ་གར་ལ་ཡང་དཀའ་ངལ་ཡོད་སྐོར། བོད་པའི་གནད་དོན་སེལ་ཐབས་སུ་སྔ་ཕྱི་བར་གསུམ་ལས་ཀ་གནང་བ་དང་། རྒྱ་ནག་གི་དཔོན་རིགས་ཚོར་རྣམ་དཔྱོད་ཡོད་ན་༸གོང་ས་མཆོག་གི་དགོངས་གཞི་བཞིན་རྣམ་དཔྱོད་འདོན་དགོས་སྐོར། བོད་པ་གཅིག་པུ་མིན་པར་རྒྱ་ནག་གི་སྲིད་གཞུང་འོག་རྒྱ་མི་རིགས་ཀྱིས་ཀྱང་སྡུག་སྦྱོང་མྱོང་བསྡད་ཡོད་པ་ཚང་མས་ཁ་གྲགས་དགོས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ནང་མ་ཚུད་པའི་རང་དབང་མེད་པའི་རྒྱལ་ཁབ་མང་པོ་ཡོད་པ་དང་། ཁོང་ཚོའི་འབོད་སྒྲ་སླེབས་ཐབས་དང་། སྐུ་ཚབ་སླེབས་མ་ཐུབ་ནའང་གནད་དོན་སླེབས་ཐབས་དགོས་པ། བོད་དང་ཐའེ་ཝན་སོགས་མང་པོ་ཡོད་པས་དེའི་ཐོག་ཤུགས་སྣོན་རྒྱག་དགོས་པ། སྤྱི་ཚོགས་ནང་གླེང་སློང་སྣ་ཚོགས་ཡོད་ཀྱང་། རྒྱ་གར་གྱིས་བོད་དོན་རྒྱབ་སྐྱོར་ཉམས་ཆག་འགྲོ་མི་སྲིད་སྐོར་དང་། དེ་བཞིན་ཁོང་གིས་བོད་ངོས་འཛིན་བྱེད་སྟངས། རྒྱ་ནག་གིས་བཤད་པ་བཞིན་བོད་དེ་རྒྱ་ནག་དང་ཁ་བྲལ་ཐབས་མེད་པ་རེད་ཟེར་བ་དེ་རྒྱ་གར་གྱིས་ནམ་ཡང་ཁས་ལེན་བྱེད་མྱོང་མེད་པ་དང་། ད་ལྟ་གནོན་ཤུགས་སྤྲད་ནའང་ཁས་ལེན་གྱི་མ་རེད། ད་ལྟའི་ཆར་བོད་དེ་རྒྱ་ནག་གི་བཙན་གནོན་འོག་ཏུ་ཤོར་ནས། ས་གནས་མི་རིགས་རང་སྐྱོང་རྩོད་ལེན་ཐོག་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་སྔ་ཕྱི་བར་གསུམ་དུ་གནང་གི་ཡོད་པ་ལས། ལོ་རྒྱུས་ཀྱི་ཐོག་ནས་ཀྱང་བོད་དེ་རྒྱ་ཁོངས་ཡིན་པ་ཁས་ལེན་ཐབས་མེད་སྐོར་སོགས་གསུངས་གནང་ཡོད་པ་རེད། དེ་ནས་གསར་འགོད་པ་ཁག་གི་ཁོང་ལ་བོད་པའི་གནད་དོན་སྤྱི་དང་ཁོར་ཡུག་སོགས་དང་འབྲེལ་བའི་དྲི་བ་གནང་བར་ཁོང་གི་བཀའ་ལན་གསལ་པོ་གནང་ཡོད། མཇུག་ཏུ་ཚོགས་གཞོན་མཆོག་ནས་སྐུ་ཞབས་ Indresh Kumar མཆོག་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། སྤྱི་ལྷན་ནས་ཁོང་དང་ཕྱག་འབྲེལ་ལས་རོགས་གཉིས་ལ་གུང་ཚིགས་འདེགས་འབུལ་ཞུས་ནས་ཕེབས་སྐྱེལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།

IMG_3945

 

Menu