སྐབས་ ༡༥ པའི་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་ནས་ལས་ཁུར་དམ་འབུལ།

སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་ནས་ལས་ཁུར་དམ་འབུལ་ཟིན་པ།

 

ཕྱི་ཟླ་ ༥ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་། སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་བཀའ་ཤག་ཡང་སྟེང་མཆོད་ཁང་དུ་ཁྲིམས་ཞིབ་པ་ཆེ་བའི་མདུན་ལས་ཁུར་དམ་བཅའ་འབུལ་བཞེས་མཛད་ཡོད་པ་དང་། དམ་འབུལ་མཛད་སྒོར་ཁྲིམས་ཞིབ་པ་གཞན་གཉིས་དང་། བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ་མཉམ་ཞུགས་གནང་ཡོད།

དམ་འབུལ་མ་གནང་གོང་། ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། དགའ་གདོང་། གནས་ཆུང་བཅས་པར་གནས་མཇལ་དུ་ཕེབས་ཡོད།